Search Header Logo
༡༨ བཤེས་སྤྲིངས། སློབ་རིམ་ ༡༡ པ།

༡༨ བཤེས་སྤྲིངས། སློབ་རིམ་ ༡༡ པ།

Assessment

Presentation

English

1st Grade

Hard

Created by

Rigzin Wangdi

FREE Resource

3 Slides • 4 Questions

1

​ དོན་ཚན། = ༡ བཟའ་བཏུང་བསྟེན་ཚུལ།

= ༢ དོན་མེད་ཀྱི་གཉིད་སྤང་ཚུལ།​​

རྩ་བ། ༡ ཁ་​ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །

རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །​

༢ རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོ་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །

མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་རབ་ཏུ་མནོལ། །

2

༡ འགྲེལ་བཤད། ང་བཅས་ར་བཟའ་ནིའི་བཞེས་སྒོ་ཚུ་ཡང་ བཟའ་ཐངས་འདི་ དཔེ་འབད་བ་ཅིན་ ནད་གཞི་ལུ་ཕན་པའི་སྨན་བཟུམ་སྦེ་ མནོ་བསམ་བཏང་ ཞིནམ་ལས།

བཞེས་སྒོ་ཚུ་ལུ་ གནམ་མེད་ས་མེད་བཟའ་དགོ་མནོ་བའི་འདོད་ཆགས་དང་ བཞེས་སྒོ་ཚུ་ལུ་ མ་དགའ་བའི་གནས་སྟངས་རེ་འབྱུང་པ་

ཅིན་ ཞེ་སྡང་བསྐྱེད་པའི་སྒོ་ལས་མེན་པར་ ཚུལ་དང་མཐུནམ་འབད་ བཟའ་ཤེས་དགོཔ་ཨིན།

གཟུགས་ ཤུགས་བཏགས་ཏེ་ དགྲ་བྱང་འཕྱད་ལས་རྒྱལ་ཁ་འཐོབ་ནིའི་དོན་ལུ་བཟའ་ནི་མི་འོང་ནི་དང་ གཞན་ལུ་ ངོམ་བཏོན་ནིའི་དོན་ལུ་

ཡང་བཟའ་ནི་མི་ འོང་།

མ་ཚད་ བྱད་ངོ་རི་ལེགས་ཤོམ་འགྱོ་ནིའི་དོན་ལུ་ཡང་བཟའ་ནི་མི་འོང་ ག་དེ་སྦེ་བཟའ་དགོཔ་སྨོ་ ཟེར་བ་ཅིན་ དམ་པའི་ཆོས་བསྒྲུབ་

ནིའི་དོན་ལུ་ གཟུགས་འདི་ སྒྲིང་སྒྲིང་བཞག་ནིའི་དོན་ལུ་ རྐྱངམ་ཅིག་ མནོ་བསམ་བཏང་སྟེ་ བཟའ་དགོཔ་ཨིན་ཟེར་བའི་དོན་ཨིན།​

3

Multiple Choice

༡ ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །ཟེར་བའི་དོན་འདི།

1

༡ བཞེས་སྒོ་ཚུ་སྨན་ཨིན་ཟེར་བའི་དོན་ཨིན།

2

༢ བཞེས་སྒོ་ཚུ་སྨན་བཟུམ་མནོ་བསམ་གཏང་ནི་མི་འོང་ཟེར་བའི་དོན་ཨིན།

3

༣ བཞེས་སྒོ་ཚུ་སྨན་བཟུམ་སྦེ་མནོ་བསམ་བཏང་སྟེ་བཟའ་དགོ་ཟེར་བའི་དོན་ཨིན།

4

༤ བཞེས་སྒོ་ཚུ་སྨན་བཟུམ་སྦེ་མནོ་བསམ་མ་གཏང་པར་བཟའ་དགོ་ཟེར་བའི་དོན་ཨིན།

4

Multiple Choice

༢ བཞེས་སྒོ་བཟའ་ནི་འདི་ ག་ཅི་གི་དོན་ལུ་རྐྱངམ་ཅིག་མནོ་བསམ་བཏང་སྟེ་བཟའ་དགོཔ་སྨོ?

1

༡ གཟུགས་སྒྲིང་སྒྲིང་འབད་བཞག་ནིའི་དོན་ལུ་རྐྱངམ་ཅིག་བཏང་སྟེ་བཟའ་དགོ།

2

༢ གཟུགས་སྒྲིང་སྒྲིང་བཞག་སྟེ་ཆོས་བསྒྲུབ་ནིའི་དོན་ལུ་རྐྱངམ་ཅིག་མནོ་བསམ་བཏང་སྟེ་བཟའ་དགོ།

3

༣ བྱད་ངོ་རི་ལེགས་ཤོམ་འགྱོ་ནིའི་དོན་ལུ་རྐྱངམ་ཅིག་མནོ་བསམ་བཏང་སྟེ་བཟའ་དགོ།

4

༤ གཞན་ལུ་བསྙེམ་ནིིའི་དོན་ལུ་རྐྱངམ་ཅིག་མནོ་བསམ་བཏང་སྟེ་བཟའ་དགོ།

5

༢ འགྲེལ་བཤད།

= རིག་པའི་བདག་ཉིད་ཟེར་ བླང་དོར་གྱི་གནས་ ག་ནི་ཡང་མཁྱེན་མི་ རྒྱལཔོ་ཁྱོད་ཀྱིས་ ཉི་མ་གི་དུས་ཚོད་ག་ར་ ཁ་ཐུན་དགེ་སྦྱོར་ལུ་བརྩོན་དགོཔ་ཨིན།

​ = དེ་མ་ཚད་ ཕྱི་རུ་གི་དུས་ཚོད་ཚུ་ཡང་ འཕྲོ་བརླག་མི་འགྱོ་ནིའི་དོན་ལུ་ དུས་ཚོད་ དཔྱ་གསུམ་འབད་བགོ་བཤའ་ རྐྱབ་ཞིན་ན་ ཐུན་ཚད་དང་པ་

དང་ གསུམ་པ་གཉིས་ལུ་ ཁ་ཐུན་དགེ་སྦྱོར་འབད་ཞིན་ལས་ ཐུུན་ཚད་བར་པ་ལུ་ ཞག་གཟིམ་དགོཔ་ཨིིན་མས།

=​ ཞག་གཟིམ་པའི་སྐབས་ལུ་ཡང་ འབྲས་བུ་མེད་པར་ དོན་དག་ག་ནི་ཡང་མེད་པར་ དུས་ཚོད་འཕྲོ་བརླག་མི་འགྱོ་ནིའི་དོན་ལུ།

= དཀར་པོ་དགེ་བའི་ཕྱོགས་ལུ་མནོ་བསམ་ལེགས་ཤོམ་གཏང་ དྲོ་པ་ཧ་སག་ལོང་སྟེ་ དམ་པའི་ལྷ་ཆོས་བསྒྲུབ་ནི་ཟེར་བའི་སེམས་ཁར་དྲན་ཞིནམ་ལས་

ཞག་གཟིམ་དགོཔ་ཨིན་མས་ལགས།​

6

Multiple Choice

༡ རིག་པའི་བདག་ཉིད་ཟེར་མི་འདི།

1

༡ མགོན་པོ་འཕགས་པ་ཀླུ་སྒྲུབ་ཟེར་བའི་དོན་ཨིན།

2

༢ ག་ནི་ཡང་མཁྱེན་མི་རྒྱལ་པོ་ཟེར་བའི་དོན་ཨིན།

3

༣ རིག་པའི་ལྷ་ཟེར་བའི་དོན་ཨིན།

4

༤ རང་གི་རིག་པའི་རང་བཞིན་ཟེར་བའི་དོན་ཨིན།

7

Multiple Choice

༢ ཐུན་གྱི་སྟོད་སྨད་ཟེར་བའི་དུས་ཚོད་འདི།

1

༡ ༡༠, ༡༡, ༡༢ དང་ ༡, ༢, ༣ ཨིན།

2

༢. ༨, ༩, ༡༠, དང་ ༤, ༥, ༦, ཨིན།

3

༣. ༧, ༨, ༩, དང་ ༡, ༢, ༣, ཨིན།

4

༤. ༡༠, ༡༡, ༡༢, དང་ ༤, ༥, ༦, ཨིན།

​ དོན་ཚན། = ༡ བཟའ་བཏུང་བསྟེན་ཚུལ།

= ༢ དོན་མེད་ཀྱི་གཉིད་སྤང་ཚུལ།​​

རྩ་བ། ༡ ཁ་​ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །

རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །​

༢ རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོ་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །

མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་རབ་ཏུ་མནོལ། །

Show answer

Auto Play

Slide 1 / 7

SLIDE