

བྱེད་སྒྲའི་ྐོར།
Presentation
•
Education
•
8th Grade
•
Easy
Jigdel Wangchuk
Used 1+ times
FREE Resource
11 Slides • 2 Questions
1
བྱེད་སྒྲ་ ཡང་ན་ བྱེད་པ་པོའི་སྐོར།
By Jigdel Wangchuk
2
སློབ་སྟོན་ལས་དོན།
སློབ་སྟོན་འདི་མཇུག་བསྡུཝ་ད་ སློབ་ཕྲུག་རེ་རེ་བཞིན་གྱིས་་་
བྱེད་སྒྲའི་གོ་དོན་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནི།
བྱེད་སྒྲའི་དབྱེ་བ། ཕྲད་དང་ ཕྲད་ཚུ་ རྗེས་འཇུག་དང་འཐོབ་ཚུལ་ འཇམ་ཏོང་ཏོ་འབད་ སླབ་ཚུགས་ནི།
བྱེད་སྒྲའི་གོ་དོན་དང་ ཕྲད་དེ་ཧ་གོ་ཞིནམ་ལས་ དཔེར་བརྗོད་རྐྱབ་ཚུགས་ནི།
3
Multiple Choice
བྱེད་སྒྲ་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་ ཧ་གོ་ནི་འདུག?
བྱ་བའི་ལཱ་ ག་ཅི་ར་འབད་མ་ཚུགས་མི་ཅིག་ལུ་ སླབ་ཨིན།
བྱ་བའི་ལཱ་ག་ཅི་ཡན་མ་འབད་བར་ གང་ཟག་དང་དངོས་པོའི་བར་ན་ འབྲེལ་བ་སྟོན་མི་ཅིག་ལུ་ སླབ་ཨིན།
བྱ་བའི་ལཱ་ག་ཅི་ར་འབད་རུང་ དེ་འབད་མི་གིས་ གང་ཟག་དང་དངོས་པོ་ག་ཨིན་ན་ སྟོན་པའི་སྒྲ་ལུ་ སླབ་ཨིན།
ལཱ་དང་བྱ་བ་ག་ཅི་ར་འབད་རུང་ མེནམ་སྦེ་སྟོན་པའི་སྒྲ་ལུ་ སླབ་ཨིན།
4
བྱེད་སྒྲའི་ གོ་དོན།
བྱེད་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་ ཧ་གོ་ནི་འདུག?
ལཱ་དང་བྱ་བ་ ག་ཅི་ར་འབད་རུང་ དེ་འབད་མི་གིས་ གང་ཟག་དང་དངོས་པོ་ ག་ཨིན་ན་ སྟོན་པའི་སྒྲ་ལུ་ སླབ་ཨིན།
དཔེར་ན་ སངས་རྒྱས་ཀྱི་ ཡི་གུ་བྲིས་ནུག།
ཡི་གུ་བྲིས་མི་ གང་ཟག་ སངས་རྒྱས་ཨིནམ་དང་ བྲི་ནི་འདི་ འབད་ནི་ཨིན་མི་ལཱ་འདི་ ཨིན། དེ་འབདཝ་ལས་ ལཱ་འབད་མི་འདི་ སངས་རྒྱས་དང་། ཡི་གུ་བྲིས་ཟེར་མི་འདི་ ལཱ་ཨིན།
5
བྱ་བའི་ལཱ་འབད་མི་ གང་ཟག་ངོ་མ་འབད་ མ་སྟོན་རུང་ ལཱ་ དངོས་པོའི་འབད་བའི་ སྒྲ་སྟོན་མི་ལུ་ སླབ་ཨིན།
དཔེར་ན་ པི་སི་གིས་ ཡི་གུ་བྲིས།
༢༽ བྱེད་པ་པོ་ཕལ་པ།
ལཱ་དང་བྱ་བ་ག་ཅི་ར་འབད་རུང་ གཅིག་མེན་ གཅིག་འབད་བའི་སྒྲ་མི་ཅིག་ལུ་ སླབ་ཨིན།
དཔེར་ན་ པད་མ་གིས་ ཤིང་བཏོག།
༡༽ བྱེད་པ་པོ་གཙོ་བོ།
བྱེད་སྒྲ་ལུ་ དབྱེ་བ་བཞི་ཡོད།
6
རྒྱུ་དེ་དང་ རྒྱུ་འདི་གིས་ འབྲས་བུ་འཐོན་མི་ཅིག་ལུ་ སླབ་ཨིན།
དཔེར་ན་ ལཱ་འབད་ནི་འདི་གིས་ གླ་འཐོབ་ཅི།
༤༽ རྒྱུ་མཚན་ལུ་འཇུག་པ།
ལཱ་འབད་མི་ གང་ཟག་དང་དངོས་པོ་ ག་ཡང་མེད་རུང་ རང་བཞིན་གྱིས་ འབད་མི་ཅིག་ལུ་ སླབ་ཨིན།
དཔེར་ན་ རང་བཞིན་གྱིས་ ཆུ་ཆད།
༣༽ རང་བཞིན་གྱིས་བྱེད་པ་པོ།
བྱེད་སྒྲ་ལུ་ དབྱེ་བ་བཞི་ཡོད།
7
Multiple Choice
བྱེད་སྒྲའི་ཕྲད་ ག་ཅི་ར་ ཨིན་ན?
ན་ ར་ ལུ་ གུ་ ཨིན།
ཏེ་ དེ་ སྟེ་ སྦེ་ ཨིན།
གྱི་ གི་ ཀྱི་ འི་ ཡི་ ཨིན།
ཀྱིས་ གིས་ གྱིས་ འིས་ ཡིས་ ཨིན།
8
བྱེད་སྒྲའི་ཕྲད་ རྗེས་འཇུག་དང་ཐོབ་ཚུལ།
བྱེད་སྒྲའི་ཕད་ ༥ ཡོདཔ་ཨིན།
བྱེད་སྒྲའི་ཕྲད་ ཀྱིས་ གིས་ གྱིས་ འིས་ ཡིས།
རྗེས་འཇུག་ ད་བ་སའི་མཐའ་མར་ ཕྲད་ ཀྱིས། ན་མ་ར་ལའི་མཐའ་མར་ ཕྲད་ གྱིས། ག་ང་འ་གི་མཐའ་མར་ ཕྲད་ གིས་དང་། འ་དང་མཐའ་མེད་ཀྱི་ མཐའ་མར་ ཕྲད་ འིས་/ཡིས་ ཐོབ་ཨིན།
9
ཁབ་ཀྱིས་ གོ་ལ་ཙེམ།
གྱི་ཅུང་གིས་ ཤིང་འབྲས་བཏོག།
ཏོག་ཙེ་གིས་ ས་བརྐོ།
༢༽ བྱེད་པ་པོ་ཕལ་པ།
དཔལ་འབྱོར་གྱིས་ འཕྱགམ་ཕྱགས།
སམ་གྱིས་ ཉ་བསད།
ཆོས་སྐྱིད་ཀྱིས་ ཡི་གུ་བྲིས།
༡༽ བྱེད་པ་པོ་གཙོ་བོ།
བྱེད་སྒྲའི་དཔེར་བརྗོད།
10
ཁ་སླབ་ནི་འདི་གིས་ དྲག་ཅི།
ཡི་གུ་བྲིས་ནི་འདི་གིས་ ལེགས་ཤོམ་སོང་ཡི།
ཚོང་བཙོང་ནི་འདི་གིས་ ཁེ་སང་འོང་ཡི།
༤༽ རྒྱུ་མཚན་ལུ་འཇུག་པ།
རང་བཞིན་གྱིས་ ཆུ་སྐམ།
ངང་གིས་འཕེལ།
ཤུགས་ཀྱིས་འགྲུབ།
༣༽ རང་བཞིན་གྱིས་བྱེད་པ་པོ།
བྱེད་སྒྲའི་དཔེར་བརྗོད།
11
སྦྱོང་ལཱ།
སྦྱོང་ལཱའི་བཀོད་རྒྱ། མི་ངོམ་ རེ་རེ་བཞིན་གྱིས་ འོག་ལུ་ བཀོད་དེ་ཡོད་པའི་ དྲི་བའི་ལན་འདི་ དུས་ཡུང་སྐར་མ་ ༡༠ གི་རིང་ལུ་འབད་དགོཔ་ཨིན།
དྲི་བ།༽ བྱེད་སྒྲའི་ཕྲད་ཚུ་ ལག་ལེན་འཐབ་སྟེ་ རྗེས་འཇུག་ཡི་གུ་ ག་ར་ནང་འཇུག་པའི་ དཔེར་བརྗོད་རེ་རེ་བྲིས།
12
སྦྱོང་ལཱ་དབྱེ་ཞིབ།
སློབ་ཕྲུག་ཚུ་གིས་ རྗེས་འཇུག་དང་འཁྲིལ་བའི་ བྱེད་སྒྲའི་ཕྲད་ ལག་ལེན་འཐབ་སྟེ་ དཔེར་བརྗོད་བྲིས་མི་ཚུ་ སློབ་ཕྲུག་དག་པ་ཅིག་གི་ ཨང་འབོ་ཞིནམ་ལས་ དམངས་ཁ་ལུ་ ལྷག་བཅུག་ནི་ཨིན།
13
དོན་ཚན་བསྐྱར་ཞིབ།
བྱེད་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་ ཧ་གོ་ནི་འདུག?
ལཱ་དང་བྱ་བ་ ག་ཅི་ར་འབད་རུང་ དེ་འབད་མི་གིས་ གང་ཟག་དང་དངོས་པོ་ ག་ཨིན་ན་ སྟོན་པའི་སྒྲ་ལུ་ སླབ་ཨིན།
དཔེར་ན་ སངས་རྒྱས་ཀྱི་ ཡི་གུ་བྲིས་ནུག།
ཡི་གུ་བྲིས་མི་ གང་ཟག་ སངས་རྒྱས་ཨིནམ་དང་ བྲི་ནི་འདི་ འབད་ནི་ཨིན་མི་ལཱ་འདི་ ཨིན། དེ་འབདཝ་ལས་ ལཱ་འབད་མི་འདི་ སངས་རྒྱས་དང་། ཡི་གུ་བྲིས་ཟེར་མི་འདི་ ལཱ་ཨིན།
བྱེད་སྒྲ་ ཡང་ན་ བྱེད་པ་པོའི་སྐོར།
By Jigdel Wangchuk
Show answer
Auto Play
Slide 1 / 13
SLIDE
Similar Resources on Wayground
14 questions
quiz session
Presentation
•
5th Grade
11 questions
རྫོང་ཁའི་དྲི་ལན་མཐའ་དཔྱད།
Presentation
•
4th Grade
16 questions
Untitled Lesson
Presentation
•
4th Grade
16 questions
ཨི་ལྡན་༼ བྱེད་འབྲེལ་ ༽
Presentation
•
3rd - 6th Grade
11 questions
dzongkha quizz
Presentation
•
6th Grade
4 questions
བསྡུ་ཡིག་སློབ་སྟོན་
Presentation
•
8th Grade
17 questions
dzo ppt
Presentation
•
7th Grade
16 questions
Dzongkha Quiz
Presentation
•
5th Grade
Popular Resources on Wayground
10 questions
GPA Lesson
Presentation
•
9th - 12th Grade
7 questions
Albert Einstein
Quiz
•
3rd Grade
31 questions
Bridge A Review
Quiz
•
3rd Grade
6 questions
Blue Sue and Red Ruth
Quiz
•
3rd Grade
8 questions
(Day12 HW) Inverse Trig Ratios
Quiz
•
9th Grade
20 questions
Summer Geometry QUIZ (Week3)
Quiz
•
9th Grade
16 questions
Theme Practice
Quiz
•
7th Grade
20 questions
Taxes
Quiz
•
9th - 12th Grade