Search Header Logo
༡༣༽ བྱི་ལི་སྦྱེག་ཁོ།

༡༣༽ བྱི་ལི་སྦྱེག་ཁོ།

Assessment

Presentation

•

World Languages

•

2nd Grade

•

Practice Problem

•

Easy

Created by

Choki Dorji

Used 1+ times

FREE Resource

6 Slides • 4 Questions

1

By Choki Dorji

དོན་ཚན། བྱི་ལི་སྦྱེག་ཁོག།

2

By Choki Dorji

༉ ཧེ་མ་ ཁྱིམ་ཅིག་ནང་ བྱི་ལི་སྦྱེག་ཁོག་ ཉམ་ཆུང་ཅིག་ཡོདཔ་མས། དེ་གིས་ བྱི་ཙི་ཚུ་ མགུ་སྐོར་རྐྱབ་སྟེ། དབའི༑ ཁྱེད་ཆ་ཁྱབ་ ངནི་ ཕར ལོགསམ་ ག་ལུ་ཡང་ གནོདཔ་བཀལ་ནི་ སྤངས་དཔ་ཅིག་ཨིན། ཁྱེད་ར་ཚུ་ ཉིནམ་རེ་བཞིན་དུ་ ང་ལུ་སྐོར་ར་རྐྱབ་ཤིག། ང་གིས་ ཁྱེད་ཚུའི་ ཚང་སྲུང་མི་འབད་སྡོདན་ ལེགས་ཤོམ་འོང་ནི་ཨིནམ་མས། མེན་ན? ཟེར་སླབ་ད།

3

By Choki Dorji

བྱི་ཙི་ཚུ་ བདེན་འཛིན་རེ་སྟེ། ཨིནམ་མས། ཟེར་ ཉིནམ་རེ་བཞིན་དུ་ སྐོར་ར་ རྐྱབ་པར་འགྱོཝ་ད། བྱི་ལི་འདི་གིས་ ཁོང་བྱི་ཙི་ཚུ་གིས་ རྩ་ལས་མ་ཤེསཔ་འབད་ སྐོར་ར་ མཇུག་རྫོགས་མཚམས་ལས་ བྱ་ཙི་རེ་བཟུང་སྟེ་ བཟའཝ་ལས། ཉིནམ་གཅིག་བ་ ཉིནམ་གཅིག་ ཉམས་རྒྱགས་སུ་རྒྱགས་སུ་སོང་། བྱི་ཙི་ཚུནི་ ཉིནམ་གཅིག་བ་གཅིག་ ཉུང་སུ་ཉུང་སུ་ལོག་སོཔ་ལས། བྱི་ཙི་ཚུ་ དོགས་པ་ཟ་སྟེ་ ག་དེ་སྦེ་ཨིན་ན? དེ་ ག་གི་སྐྱོན་ཡང་ མི་འོང་། ཁོ་གི་ སྐྱོན་ར་ཨིན། ཟེར་ བརྟག་དཔྱད་ ན་འཐན་ འབདཝ་ད། བྱི་ལི་འདི་གིས་ སྐོར་ར་རྐྱབ་པའི་ མཇུག་རྫོགས་མཚམས་ལས། བྱི་ཙི་རེ་ བཟུང་བཟའཝ་ཨིནམ་ ཤེས་ཏེ། 

4

By Choki Dorji

ད། ང་བཅས་ དེསྦེ་སྡོད་པ་མི་བཏུབ་ ཐབས་ཅིག་འབད་དགོ། ཟེར་སྟུན་གྲོས་རྐྱབ་སྟེ། ང་བཅས་ཀྱི་ ལོ་གསར་བསྒང་ བྱི་ལི་འདི་མགྱོནམོ་འབད་ འབོ་ཞིནམ་ལས། དྲིལ་བུ་ སྐད་ཧན་ཏོང་ཏོ་ཅིག་ རྒྱན་ཆ་འབད་ བཏགས་ཚུགསན། ཤུལ་ལས། ཁོ་འོངམ་ད། དྲིལ་བུ་གི་ སྐད་གོ་སྟེ་ ང་བཅས་ར་ བྱོག་ནི་ འཇམ་ཏོང་ཏོ་འོང་ནི་མས། ཟེར་ ག་ར་ ཁ་འཆམས་ཏེ། 

5

By Choki Dorji

བྱི་ལི་འདི་ ལོ་གསར་བསྒང་ མགྱོནམོ་འབད་ འབོ་ཞིནམ་ལས། དབའི༑ ཁྱོད་ཀྱིས་ ད་ལྟོ་ཚུན་ཚོད་ ང་བཅས་ཀྱི་ཚང་ བསྲུངས་བྱིནམ་ལས། བཀའ་དྲིན་ ག་ཅི་འདེ་ ཆེ་ཡི་ལགས། ད། ང་བཅས་ཀྱིས་ ཁྱོད་ཀྱི་ བཀའ་དྲིན་ ལེགས་སོ་གི་དོན་ལུ་ དངུལ་གྱི་དྲིལ་བུ་འདི། ཁྱོད་ལུ་ མགུལ་རྒྱན་འབད་ ཕུལ་ནི་ཨིན། ཟེར་ བྱི་ལི་གི་ཨོལ་ལྐོག་གུ་ བཏགས་ད་ནུག། དེ་ལས་ཚུར། བྱི་ཙི་ཆ་ཁྱབ་ སྲོག་ལས་ ཐར་ཚུགས་ནུག་གོ། 

6

Multiple Choice

སྲུང་ནང་ལུ་ སྲུང་རྩེདཔ་ ག་དེམ་ཅིག་འདུག?

1

༢ འདུག།

2

༣ འདུག།

3

༡ འདུག།

7

Multiple Choice

ཁོང་གཉིས་ལས་ གནས་སྐབས་ ག་མཁས་པས?

1

བྱི་ལི།

2

བྱི་ཙི།

8

Multiple Choice

མགྱོནམ་འདི་

1

བྱི་ཙི་གིས་འབོ་ནུག།

2

བྱི་ལི་གིས་འབོ་ནུག

9

Multiple Choice

སྲུང་འདི་ ག་ཅིའི་སྐོར་ལས་ ཨིན་མས?

1

བྱི་ལི་སྦྱེག་ཁོག།

2

རོ་ཁྱི་སྦྱེག་ཁོག།

3

བྱི་ཙའི་སྦྱེག་ཁོག།

10

By Choki Dorji

བཀའ་དྲིན་ཆེ་ལགས།

pattern-tertiary

By Choki Dorji

དོན་ཚན། བྱི་ལི་སྦྱེག་ཁོག།

Show answer

Auto Play

Slide 1 / 10

SLIDE