NEW
Font size
Worksheetsབོད་ཡིག་ཡིག་ཚད།
Total questions: 10
Worksheet time: 9mins
༡༽ སློབ་གྲོགས་ཟླ་དཀར་ནི་སློབ་ཚན་གང་ཡིན་ནམ།
ནི་སྒྲ།
ཤེས་ཡོན་སྦྱངས་པའི་དོན་སྙིང་ཡིན།
དཔེ་ཁུག་གི་རང་གཏམ།
ས་ཕུག་ཁ་བྱང་ལྟ།
༢༽ ས་ཕུག་ཁ་བྱང་ལྟ་ནི་རྩོམ་གང་གི་ཁུངས་གཏོགས་ཡིན་ནམ།
གསལ་བཤད་རྩོམ་ཡིག
བསྡུས་བརྗོད་རྩོམ་ཡིག
གོ་རིམ་ལྡོག་རྩོམ་ཡིག
ཇི་བཞིན་བརྗོད་པའི་རྩོམ་ཡིག
༣༽ ས་ཕུག་ཁ་བྱང་ལྟ་སློབ་ཚན་ནི་རྩོམ་ནང་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡིན།
ཚིགས་བཅད་རྩོམ།
ཚིག་ལྷུག་རྩོམ།
༤༽ ས་ཕུག་ཁ་བྱང་ལྟ་ཞེས་པའི་ནང་མི་སྣ་གཙོ་བོ་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡིན།
ཞིང་པ་།
ཚོང་པ།
སྤྲང་པོ།
སློབ་ཕྲུག་ཟླ་དཀར།
༥༽ སློབ་ཕྲུག་ཟླ་དཀར་ནི་འཛིན་གྲྭའི་ནང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡོད།
སློབ་སྦྱོང་ལ་དོ་སྣང་དང་སྤྱོད་པ་ཡག
སློབ་སྦྱོང་དེ་ཙམ་མེད་ཀྱང་དགེ་རྒན་ལ་གུས་ཞབས་ཆེ།
སློབ་གྲོགས་ལ་སྐད་ཆ་ཤོད་པའམ་ཀུ་རེ་རྩེད་པ་དང་འཁྱམ་རྒྱུ་ལ་དགའ།
༦༽ ས་ཕུག་ཁ་བྱང་ལྟ་ཞེས་པའི་སློབ་ཚན་ནང་སློབ་ཕྲུག་རྣམས་རྩེད་མོ་གང་རྩེ་ཡི་ཡོད་དམ།
རྐང་རྩེ་པོ་ལོ།
ཐག་མཆོང།
གབ་རེས་འུར་རེས།
༧༽ འཛིན་གྲྭ་གྲོལ་རྗེས་ཟླ་དཀར་གྱིས་གང་བྱེད་ཀྱི་ཡོད་དམ།
ཞིང་ལས་བྱེད་ཀྱི་ཡོད།
ཕ་མའི་ནང་ནས་དངུལ་འཁྱེར་ཏེ་ཚོང་རྒྱག་ཏུ་འགྲོ་ཡི་ཡོད།
སློབ་སྦྱོང་བྱས་ཀྱི་ཡོད།
ཕ་མའི་ནང་ནས་དངུལ་འཁྱེར་ཏེ་གློག་བརྙན་ལྟ་བ་ཡང་ན་ཁྲོམ་ལ་འཁྱམ་པ་སོགས་བྱས་ཀྱི་ཡོད།
༨༽ ཟླ་དཀར་སུ་ཡིན་ནམ།
དགེ་རྒན།
ཚོང་པ།
ཞིང་པ།
སློབ་ཕྲུག
༩༽ ས་ཕུག་ཁ་བྱང་ལྟ་ནང་དུ་གབ་མཁན་སུ་ཡིན་ནམ།
དགེ་རྒན།
ཚེ་རིང་།
སློབ་ཕྲུག
ཟླ་དཀར།
༡༠༽ མཐའ་མ་ཟླ་དཀར་སློབ་ཕྲུག་ཡག་པོ་ཞིག་ཏུ་གྱུར།
འགྲིག
ནོར།
