Worksheetsབྱ་ཚིག་ལ་དཔྱོད་པ་དང་འབྲེལ་བའི་དྲི་བ་ཁག་བཅུ།
Total questions: 10
Worksheet time: 20mins
སྔོན་འཇུག་ཕོ་བ་ཡིག་བདག་གཞན་དུས་གསུམ་གང་དག་ལ་འཇུག་གམ།
བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་དང་མ་འོངས་པ་དང་གཞན་བཅས་ལ་འཇུག
བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་དང་མ་འོངས་པ་དང་ད་ལྟ་བ་ལ་འཇུག
བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་དང་ད་ལྟ་བ་གཉིས་ལ་འཇུག
སྔོན་འཇུག་བ་ཡིག་དུས་འདས་པར་འཇུག་པའི་དཔེར་བརྗོད་ནི།
བཏུང་།
བཀྱིག
བཏང་།
སྔོན་འཇུག་མ་ནིང་ག་ད་གཉིས་བདག་གཞན་གཉིས་ལས་གང་དང་གང་ལ་འཇུག་གམ།
བདག་གཞན་གཉིས་ཀར་འཇུག
བདག་ལ་འཇུག
གཞན་ལ་འཇུག
སྔོན་འཇུག་ཕོ་ཡིག་གཞན་གྱི་བྱ་ཡུལ་ལ་འཇུག་པའི་དཔེར་བརྗོད་ནི།
བསྒྲུབ་བྱ།
དབྱུང་བྱ།
བསྒྲུབས།
སྔོན་འཇུག་མ་ནིང་གཉིས་གཞན་ལ་འཇུག་པའི་དཔེར་བརྗོད་ནི།
བསྒོམ་བྱ།
དབྱུང་བྱ།
གཏོང་བྱ།
སྔོན་འཇུག་མ་ནིང་གཉིས་བདག་གཞན་དུས་གསུམ་གང་དང་གང་ལ་འཇུག་གམ།
བདག་གཞན་གཉིས་དང་བྱེད་འབྲེལ་ལས་ཚིག་གི་བྱ་བ་བྱེད་བཞིན་པའི་དུས་ད་ལྟ་བར་འཇུག
བདག་གཞན་གཉིས་དང་བྱེད་མེད་ལས་ཚིག་གི་བྱ་བ་བྱེད་བཞིན་པའི་དུས་ད་ལྟ་བར་འཇུག
བདག་གཞན་གཉིས་ཁོ་ན་ལ་འཇུག
གཅོད་པར་བྱེད། ཅེས་པ་ནི།
སྔོན་འཇུག་མ་ནིང་གཞན་གྱི་བྱ་བའི་ཡུལ་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་ཡིན།
སྔོན་འཇུག་ཕོ་ཡིག་བདག་གི་བྱེད་པ་པོ་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་ཡིན།
སྔོན་འཇུག་མ་ནིང་བདག་གི་བྱེད་པ་པོ་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་ཡིན།
བདག་གཞན་དུས་གསུམ་ནི་གཙོ་བོ་གང་གི་ནུས་པས་སྟོན་གྱི་ཡོད་དམ།
རྗེས་འཇུག
སྔོན་འཇུག
མིང་གཞི།
བརྗེ་བྱ། ཞེས་པ་འདི་ནི།
སྔོན་འཇུག་ཕོ་ཡིག་བདག་ལ་འཇུག་པའི་དཔེར་བརྗོད་ཡིན།
སྔོན་འཇུག་ཕོ་ཡིག་འདས་པར་འཇུག་པའི་དཔེར་བརྗོད་ཡིན།
སྔོན་འཇུག་ཕོ་ཡིག་གཞན་ལ་འཇུག་པའི་དཔེར་བརྗོད་ཡིན།
འོག་གི་དཔེར་བརྗོད་རྣམས་ལས་སྔོན་འཇུག་མ་ནིང་བྱ་བ་བྱེད་བཞིན་པའི་དུས་ལྟ་བར་འཇུག་པ་ནི།
རྟོག་བཞིན་པ།
དཔྱོད་བཞིན་པ།
གཏང་བཞིན་པ།
