NEW
Font size
Worksheetsསློབ་ཁང་ཆོས་རྒྱུགས། ༼དེད་དཔོན་མཛའ་བོའི་བུ་མོའི་གཏམ་རྒྱུད།༽
Total questions: 15
Worksheet time: 15mins
༡༽ "དེད་དཔོན" ཟེར་མི་འདི་
གནམ་གྲུ་གཏང་མི་ མི་དེ་ལུ་ སླབ་ཨིན།
སྣུམ་འཁོར་གཏང་མི་ མི་དེ་ལུ་ སླབ་ཨིན།
གྲུ་གཏང་མི་ མི་དེ་ལུ་ སླབ་ཨིན།
གཱ་རི་གཏང་མི་ མི་དེ་ལུ་ སླབ་ཨིན།
༢༽ "དེད་དཔོན་མཛའ་བོའི་བུ་མོའི་གཏམ་རྒྱུད།" ཟེར་མི་ སྲུང་དེ་
འཆར་སྲུང་ ཨིན་མས།
དངོས་སྲུང་ ཨིན་མས།
དངོས་འཆར་ གཉིསཔོ་ཆ་ར་ ཨིན་མས།
དངོས་འཆར་ གཉིསཔོ་ཆ་ར་ མེན་པས།
༣༽ ཚོང་དཔོན་མཛའ་བོ་ ཟེར་མི་འདི་
གྲོང་ཁྱེར་ ཝ་ར་ཎ་སི་ལས་ ཨིན།
གྲོང་ཁྱེར་ ལོངས་སྤྱོད་ལས་ ཨིན།
གྲོང་ཁྱེར་ དགའ་བྱེད་ལས་ ཨིན།
གྲོང་ཁྱེར་ སེར་སྐྱ་ལས་ ཨིན།
༤༽ "་་་་ལེགས་ཤོམ་འབད་ཉན་ཞིག། ང་ཁིས་ བཤད་གེ་མནོ།་་་" ཟེར་གསུངས་མི་འདི་
སངས་རྒྱས་སྣང་བ་མཐའ་ཡས་ ཨིན།
སངས་རྒྱས་རིན་ཆེན་འབྱུང་གནས་ ཨིན།
སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་ཨིན།
བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ཨིན།
༥༽ སྲུང་དེ་གིས་ གཙོ་བོ་ར་
ཕ་མ་ལུ་ ཕྱག་ཕྱིད་ཞབས་ཏོག་ཞུ་དགོ་པའི་སྐོར་ལས་ ཨིན་མས།
གོངམ་ལུ་ གུས་ཞབས་འབད་དགོ་པའི་སྐོར་ལས་ ཨིན་མས།
ཕ་མ་ལུ་ བཞེས་སྒོ་ལེགས་ཤོམ་ དྲངས་དགོ་པའི་སྐོར་ལས་ ཨིན་མས།
ཕ་མ་ལུ་ ནད་གཡོག་འཇུག་དགོ་པའི་སྐོར་ལས་ ཨིན་མས།
༦༽ ཕམ་གཉིས་ལུ་ སྦྱིན་པའམ་ མཆོད་པ་ཕུལ་དུ་རུང་བའི་ གནད་དོན་ དེ་ཡང་
ཕམ་གཉིས་པོ་འདི་ སློབ་དཔོན་དང་འདྲ་ནི་དེ་གིས་ ཨིན།
སྒྲོན་མེ་དང་འདྲ་ནི་དེ་གིས་ ཨིན།
ལྷ་དང་འདྲ་ནི་དེ་གིསས་ ཨིན།
གོང་གི་ གསུམཔོ་ཆ་ར་ ཨིན།
༧༽ དེད་དཔོན་མཛའ་བོའི་ ཨ་ལོའི་ མིང་ ངོ་མ་འདི་
དེད་དཔོན་ ཟེར་སླབ་ཨིན།
མཛའ་བོ་ ཟེར་སླབ་ཨིན།
བུམོ་ ཟེར་སླབ་ཨིན།
མཛའ་བོའི་བུམོ་ ཟེར་སླབ་ཨིན།
༨༽ མཛའ་བོའི་བུམོ་དེ་གིས་ ཐེངས་གཉིས་པའི་སྐབས་
སྤོས་ཚོང་རྐྱབ་ནུག
ཚོང་རྐྱབ་ནུག
གསེར་ཚོང་རྐྱབ་ནུག།
ནོརབུ་ཚེང་རྐྱབ་ནུག
༩༽ མཛའ་བོའི་བུམོ་དེ་གིས་ འགོ་དང་པ་ ཚོང་རྐྱབ་པའི་སྐབས་ ཀར་ཤ་པ་ནི་
བརྒྱད་ ཐོབ་ནུག
གསུམ་ཐོབ་ནུག
བཞི་ཐོབ་ནུག
བཅུ་དྲུག་ཐོབ་ནུག
༡༠༽ མཛའ་བོའི་བུམོ་དེ་གིས་ ཀར་ཤ་པ་ནི་ ༡༦ ཐོབ་མི་འདི་
གསེར་ཚོང་རྐྱབ་ད་ ཐོབ་ཐོབ་ཨིན།
སྤོས་ཚོང་རྐྱབ་ད་ ཐོབ་ཐོབ་ཨིན།
ནོརབུ་ཚོང་རྐྱབ་ད་ ཐོབ་ཐོབ་ཨིན།
ཚོང་རྐྱབ་ད་ ཐོབ་ཐོབ་ཨིན།
༡༡༽ ཀར་ཤ་པ་ནི་ ཟེར་མི་འདི་
ཀ་ཤ་ལུ་ སླབ་ཨིན།
རྡོག་མ་པ་ནེ་ཙུ་ནེ་ལུ་ སླབ་ཨིན།
དངུལ་ལུ་ སླབ་ཨིན།
གོང་གི་ གསུམ་ཆ་ར་ མེན།
༡༢༽ མཛའ་བོའི་བུམོ་གིས་ ལན་ཐེངས་མཇུག་གི་ ཚོང་རྐྱབ་ད་ ཀར་ཤ་པ་ནི་
༤ ་ཐོབ་ནུག
༡༦་ ཐོབ་ནུག
༡༨་ ཐོབ་ནུག
༣༢་ ཐོབ་ནུག
༡༣༽ མཐའན་མཇུག་ཁར་ ཨའི་གིས་ མཛའ་བོའི་བུམོ་ ཚོང་རྐྱབ་པར་མ་གཏང་མི་ ཚོང་འདི་
གསེར་ཚོང་གི་སྐབས་ལུ་ ཨིན།
སྤོས་ཚོང་གི་སྐབས་ལུ་ ཨིན།
ནོརབུ་ཚོང་གི་སྐབས་ལུ་ ཨིན།
གོང་གི་ གསུམ་ཆ་ར་མེན།
༡༤༽ མཐའན་མཇུག་ཁར་ ཨའི་གིས་ མཛའ་བོའི་བུམོ་ ཚོང་རྐྱབ་པར་མ་གཏང་མི་ གནད་དོན་དེ་
མཛའ་བོའི་བུམོ་ ལོ་ན་ ཆུང་ནི་འདི་གིས་ ཨིན།
ཨའི་གཅིག་ལུ་ བུ་ཕུད་རྡོག་གཅིག་འབད་ནི་འདི་གིས་ ཨིན།
ཨའི་གིས་ མཛའ་བོའི་བུམོ་ལུ་ བྱམས་བརྩེ་ཆེ་ནི་འདི་གིས་ ཨིན།
གོང་གི་ གསུམ་ཆ་ར་ཨིན།
༡༥༽ ལྕགས་ཀྱི་འཁོར་ལོ་ མེ་འབར་མི་འདི་གིས་ མི་དེ་གི་ མགུ་ཏོ་ཁར་འཁོར་མི་འདི་
ཕམ་ལེགས་ཤོམ་མ་འབད་བའི་ འབྲས་བུ་ ཨིན་མས།
ཆང་འཐུང་བའི་ འབྲས་བུ་ ཨིན།
གཉེན་གྲོགས་ལུ་ དམ་ཚིག་མ་བསྟེན་པའི་ འབྲས་བུ་ ཨིན།
སེམས་ཅན་བསད་པའི་ འབྲས་བུ་ ཨིན་མས།
