Worksheetsརྫོང་ཁའི་རིག་བསྡུར།
Total questions: 15
Worksheet time: 11mins
རྒྱལ་སྲས་ལག་ལེན་བརྩམས་མི་འདི་
རྒྱལ་སྲས་བྱང་ཆུབ་སེམས་དཔཱ་ཨིན།
རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཨིན།
ལོ་ཙ་བ་ལྡན་མང་བརྩེ་མང་ཨིན༔
མཐུ་མི་མཁན་པོ་སམྦྷོ་ཊ་ཨིན།
༢༽ ཤེས་རབ་ལུ་དབྱེ་བ་
༢་ ཡོད།
༣ ཡོད།
༤ ཡོད།
༥་ཡོད།
༣༽ ཆ་རོགས་ཚུ་དང་ རྐང་རྩེད་ རྩེད་ནི་ཤེས། ཁུ་རུ་རྩེད་ནི་ཚུ་ ཤེས་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འཇིག་རྟེན་པའི་ཤེས་རབ་ཨིན།
འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ཨིན།
འཇིག་རྟེན་ལས་འདས་པ་ དམན་པའི་ཤེས་རབ་ཨིན།
རང་གི་ཤེས་པའི་ཤེས་རབ་ཨིན།
ཀར་ཤ་པ་ནའི་ཆརཔ་འབབ་ཀྱང་། ། འདོད་པ་རྣམས་ཀྱི་ངོམ་མི་འགྱུར། ། ཟེར་མི་རྩ་ཚིག་གིས་་་་་
འདོད་ཡོན་ལོངས་སྤྱོད་སྤང་དགོ་པའི་ཧྐོར་ཨིན་མས།
ཏི་རུ་སྤང་དགོ་པའི་སྐོར་ཨིན་མས།
འདོད་པ་བསྐྱེད་དགོ་པའི་སྐོར་ཨིན་མས།
དད་པ་བསྐྱེད་དགོ་པའི་སྐོར་ཨིན་མས།
སེམས་ཀྱི་ངོ་བོ་འདི་་་་་་་་་་་་་་་་་་་་་
ཁ་དོག་མེད་མི་ཅིག་ཨིན་མས།
སྤྲོས་པའི་མཐའ་དང་འབྲལ་བ་ཅིག་ཨིན་མས།
ཡོད་རུང་མཐོང་མ་ཚུགས་མི་ཅིག་ཨིན་མས།
དབྱིབས་མེད་མི་ཅིག་ཨིན་མས།
དབྱར་ཀྱི་དུས་ཀྱི་འཉའ་ཚོན་ལུ་ དཔེ་བཞག་མི་འདི་་་་་་་་་་་་་་
གནམ་བྱར་ལུ་ ཤར་བའི་ འཇའ་ཚོན་འདི་ཨིན།
ཡིད་དུ་འོང་བའི་ཡུལ་ཚུ་ཨིན།
རང་གི་མ་དགའ་བའི་ཅ་ལ་ཚུ་ཨིན།
མཛེས་ཏོག་ཏོ་ཡོད་རུང་ སེམས་ཁར་མ་འབབ་མི་ཚུ་ཨིན་
མཛེས་པར་སྣང་ཡང་བདེན་པར་མི་བལྟ་ཞིང་། །ཟེར་བའི་ གོ་དོན་འདི་
མཛེས་རུང་ངོ་མ་མེད་ཟེར་བའི་དོན་ཨིན།
མཛེས་ཏོག་ཏོ་མཐོང་རུང་ མིག་གིས་མི་བལྟ་ཟེར་བའི་དོན་ཨིན།
མཛེས་ཏོག་ཏོ་མཐོང་ ངོ་མ་གྲུབ་སྟེ་ཡོད་ཟེར་མ་མནོ་ཟེར་བའི་དོན་ཨིན།
མཛེས་ཏོག་ཏོ་མཐོང་མི་འདི་ བདེན་ཐག་ར་ཡོད་ཟེར་བའི་དོན་ཨིན།
ཁ་ཙ་ཕྱི་རུ་ ཀུན་བཟང་ལག་རྩེད་རྩེཝ་ད་ ལག་ཐེ་བོང་གུ་རེག་སྟེ་ ད་ལྡོའི་བར་ན་ཡང་ མ་དྲག་པར་ཡོད་མི་འདི་་་་་་་་་
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཨིན།
འགྱུར་བའི་སྡུག་བསྔལ་ཨིན།
སྡུག་བསྔལ་གྱི་སྡུག་བསྔལ་ཨིན།
གོང་གི་གསུམ་ཆ་ར་མེན།
སྡུག་བསྔལ་འདི་འཁྲུལ་སྣང་ཨིན་པའི་དཔེ་ ག་ཅི་ལུ་བཞག་ནུག
སྐྱེ་རྒ་ན་འཆི་ལུ་བཞག་ནུག།
རྨི་ལམ་ལུ་བཞག་ནུག
ཨའི་གི་གཉིད་ལམ་ལུ་བཞག་ནུག
ཨའི་གཅིག་གི་གཉིད་ལམ་ནང་བུ་ཅིག་ཤིཝ་མཐོང་ལུ་བཞག་ནུག
ལན་དང་རྣམ་སྨིན་ཟེར་མི་འདི་
སྦྱིན་པ་ལོག་འཐོབ་ནི་ལུ་གོཝ་ཨིན།
དགེ་བ་ལོག་འཐོབ་ནི་ལུ་སླབ་ཨིན།
སྦྱིན་པ་ལོག་ཐོབ་ནི་དང་ དགེ་བ་འཐོབ་ནིའི་རེ་བ་བསྐྱེད་མི་འདི་ལུ་ སླབ་ཨིན།
གོང་གི་གསུམ་ཆ་ར་མེན།
སྨོས་ཅི་དགོས་ཟེར་བའི་དོན་འདི་
སླབ་དགོཔ་ར་མེད་ཟེར་བའི་དོན་ཨིན།
སླབ་མིང་དགོ་ཟེར་བའི་དོན་ཨིན།
སླབ་ནིའི་དོན་ཅིག་ཨིན།
སླབ་སྟེ་ག་ཅི་འབད་ནི་ཟེར་བའི་དོན་ཨིན།
ཕྱི་རོལ་དངོས་པོ་ཟེར་མི་འདི་ ག་ཅི་ཨིན་ན?
ཕྱི་ཁ་ཡོད་པའི་ཅ་ལ་ཚུ་ལུ་སླབ་ཨིན།
སེམས་ཀྱི་བཟོ་བའི་ཅ་ལ་ཚུ་ལུ་གོཝ་ཨིན།
ཅ་ལ་ཡོད་ཚད་ཅིག་ལུ་སླབ་ཨིན།
མིག་གིས་མཐོང་བའི་ཡུལ་དང་དང་ཅ་ལ་ ཡོད་ཚད་ཅིག་ལུ་སླབ་ཨིན།
བཟོད་པ་ཟེར་བའི་དོན་འདི་
ཙིགཔ་མི་ཟ་ལུ་གོཝ་ཨིན།
རང་གི་སེམས་འདི་ བདག་འཛིན་འབད་ཤེས་ལུ་སླབ་ཨིན།
དགའ་སྐྱོ་སྡུག་གསུམ་གྱི་ སེམས་ཁམས་གཞི་གནས་ལུ་བཞག་ཚུགས་མི་ལུ་སླབ་ཨིན།
ཁོང་ཕྲོ་མི་ལང་ནི་ལུ་སླབ་ཨིན།
ཇི་སྙམ་པའི་བཟོད་པ་ཟེར་མི་འདི་
ཙིགཔ་མི་ཟ་ནི་འདི་ལུ་སླབ་ཨིན།
གནོདཔ་བཀལ་མི་ལུ་ ཙིགཔ་མི་ཟ་ནིའི་བཟོད་པ་ལུ་ སླབ་ཨིན།
ཐང་གཏང་བཞག་ནི་ལུ་སླབ་ཨིན།
མི་ག་ལུ་ཡང་ ག་ནི་ཡང་མི་སླབ་ནི་འདི་ལུ་སླབ་ཨིན།
སྡུག་བསྔལ་དང་ལེན་གྱི་བཟོད་པ་འདི་་་་་་་་
སྡུག་བསྔལ་མྱོངམ་ད་ སེམས་མི་སྐྱོ་ནི་ལུ་སླབ་ཨིན།
སྡུག་བསྔལ་མྱོངམ་ད་ རྩིགཔ་ཟ་ནི་དང་ སེམས་སྐྱོ་ནི་ལ་སོགས་པ་མེད་མི་ལུ་སླབ་ཨིན།
སྡུག་བསྔལ་མྱོངམ་ད་ ག་ནི་ཡང་མ་མནོ་བར་བཞག་མི་ལུ་སླབ་ཨིན།
སྡུག་བསྔལ་ཚུར་བལྟ་ལེན་ཚུགས་མི་ལུ་སླབ་ཨིན།
