NEW
Font size
Worksheetsསློབ་རིམ་བཅུ་པའི་ རྒྱལ་སྲས་ལག་ལེན་གྱི་རིག་སྡུར།
Total questions: 10
Worksheet time: 5mins
དྲི་བ་དང་པ།
རྒྱལ་སྲས་ལག་ལེན་ལུ་ མིང་གཞན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སླབ་ཨིན།
ལག་ལེན་སོ་བདུན་མ།
བྱང་ཆུབ་ལག་ལག་ལེན།
དངུལ་ཆུ་ལག་ལེན།
རྒྱལ་སྲས་ལག་ལེན།
དྲི་བ་གཉིས་པ།
རྩ་ཚིག་ལས། འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ།། ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར།།
གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས།། འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།
ལྟག་གི་རྩ་ཚིག་ནང་ལུ་ འདོད་པའི་ཡོན་ཏན་འདི་ དཔེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཞག་ནུག།
ཚྭ་ཡོད་པའི་ཆུ།
གུ་རམ།
ཆུ།
བསིལ་ཆུ།
དྲི་བ་གསུམ་པ།
འདོད་པའི་ཡོན་ཏན་ལྔ་ལས་ མིག་གིས་མཐོངམ་ཅིག་ སེམས་ཆགས་ནི་ཡོད་མི་ཅིག་ལུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཟེར་སླབ་ཨིན།
རེག་བྱ་འཇམ་པ།
གཟུགས་མཛེས་པ།
སྒྲ་ཧན་པ།
རོ་མངར་བ།
དྲི་བ་བཞི་པ།
འདོད་པའི་ཡོན་ཏན་ཚུ་ སྤང་དགོ་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྲེད་པ་འཕེལཝ་ལས་ཨིན།
ཡོན་ཏན་ཐོབ་ལས་ཨིན།
བདེ་བ་ཐོབ་ལས་ཨིན།
འདོད་པ་ཐོབ་ལས་ཨིན།
དྲི་བ་ལྔ་པ།
ཕྱིའི་དངོས་པོ་ ལེགསཔ་དང་ཟོགཔ་གི་རྣམ་རྟོག་འདི་ རང་གི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀྱིས་བཟོཝ་ཨིན་མས།
ལུས།
སེམས།
བྱ་སྤྱོད།
དངོས་པོ།
དྲི་བ་དྲུག་པ།
ང་བཅས་ སློབ་གྲྭ་ནང་ལུ་ ཆོས་བཤད་ལས་རིམ་ཅིག་འགོ་འདྲེན་འཐོབ་ནི་ཨིན་མས། དེ་གི་དོན་ལུ་ གྲྭ་ཚང་ལས་ མཁན་པོ་ཅིག་ཞུ་ནི་ཨིན་མས།
མཁན་པོ་གིས་ ང་ཅས་ཚུ་ལུ་ ཤ་བཟའ་ནི་སྤང་དགོཔ་གི་སྐོར་ལས་ གསུངས་གནང་ནི་ཨིན་མས།
ལྟག་གི་བརྗོད་མཚམས་ནང་ལུ་ སྦྱིན་པའི་དབྱེ་བ་གསུམ་ལས་ ག་ཅི་ནང་ ཚུད་ནི་ཨིན་མས?
ཟང་ཟིང་ནོར་གྱི་སྦྱིན་པ།
དམ་པའི་ཆོས་ཀྱི་སྦྱིན་པ།
མི་འཇིགས་སྐྱབས་ཀྱི་སྦྱིན་པ།
རྒྱུ་དངོས་ཀྱི་སྦྱིན་པ།
དྲི་བ་བདུན་པ།
སྦྱིན་པ་གཏང་པའི་སྐབས་ལུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མེད་པར་སྦྱིན་པ་གཏང་དགོ
རྣམ་སྨིན་ལུ་མ་བལྟ་བར་བྱིན་དགོ
རེ་བ་མེད་པར་བྱིན་དགོ།
ལན་དང་རྣམ་སྨིན།
ག་ནི་ཡང་མནོ་བསམ་མ་གཏང་པར།
དྲི་བ་བརྒྱད་པ།
མི་ཅིག་གིས་ ཁྱོད་ཀྱི་ཁྱིམ་ནང་འོང་ཞིནམ་ལས་ ཨརཝ་མ་བརྐུ་རུང་ བརྐུ་ཡོད་པའི་ཁ་ཉེས་བཀལ་ཏེ་ ཁྱོད་ལུ་ཧད་བཏགས་འཚོལ། ལགཔ་བཀལ་ཏེ་འོངམ་ད་
ཁྱོད་ཀྱིས་ ལོག་ལན་མ་འཇལ་བར་ སྡོད་པ་ཅིན་ བཟོད་པའི་དབྱེ་བ་གསུམ་ལས་ ག་ཅི་ནང་ཚུད་ནི་ཨིན་མས?
སེམས་ཅན་དོན་བྱེད་ཀྱི་བཟོད་པ།
ཇི་མི་སྙམ་པའི་བཟོད་པ།
སྡུག་བསྔལ་དང་ལེན་གྱི་བཟོད་པ།
ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ།
དྲི་བ་དགུ་པ།
ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
ལྟག་གི་རྩ་ཚིག་ནང་ལུ་ ཞི་གནས་ ཟེར་མི་འདི་ ག་ཅི་ལུ གོ་ནི་སྨོ?
ལུས་མ་གཡོ་བར་སྡོད་ནི་ལུ་སླབ་ཨིན།
སེམས་གཞན་ཁར་ མནོ་ནི་ལུ་སླབ་ཨིན།
སེམས་མ་ཡེངས་པར་སྡོད་ནི་ལུ་ སླབ་ཨིན།
གཟུགས་མ་སྤར་བ་སྡོད་ནི་ལུ་སླབ་ཨིན།
དྲི་བ། བཅུ་ཐམ།
སློབ་ཕྲུག་ཚུ་གིས་ ཆང་འཐུང་ནི། སྨྱོ་རྫས་ལུ་སྤྱོད་ནི། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཚུ་ ངན་པའི་དབང་ལུ་ མ་ཐལ་བ་ཅིན་ ཚུལ་ཁྲིམས་ཀྱི་དབྱེ་བ་གསུམ་ལས་ ག་ཅི་ནང་ཚུདཔ་སྨོ?
ལུས་ཀྱི་ཚུལ་ཁྲིམས།
ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས།
དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།
སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།
