wayground logo

Free Printable Worksheets

Font size

S
M
L
XL
Worksheets

yegui jorwa

Total questions: 10

Worksheet time: 5mins

Name
Class
Date
1.

བྱ་ཚིག་ཟེར་མི་འདི་

a)

ལཱ་སྟོན་མི་ཚིག་ལུ་སླབ་ཨིན།

b)

བྱེད་པ་པོ་དང་འབྲེལ་བ་ཡོད་རུང་མེད་རུང་ལཱ་སྟོན་མི་ཚིག་ལུ་སླབ་ཨིན།

c)

འབད། རྐྱབ། བཟའ། བཟུམ་ལུ་སླབ་ཨིན།

d)

བྱེད་པ་པོ་དང་འབྲེལ་བ་ཡོད་མི་ལུ་སླབ་ཨིན།

2.

ལྷོད་འཁྲུལ་ཁང་དགའ་བགའ་འགྱིར་དགྱེས།།

ཆག་འཇར་ཉལ་མཐུན་འདར་ན་འཕེལ།།

ཡལ་ནི་འཐོན་ནི་ཤེས་ནི་ཚུ།།

a)

བྱེད་འབྲེལ་བྱ་ཚིག་ཆ་བཞགཔ་ཨིན།

b)

འགྱུར་མེད་བྱེད་འབྲེལ་བྱ་ཚིག་ཨིན།

c)

འགྱུར་ཡོད་བྱེད་མེད་ལས་ཚིག་ཨིན།

d)

འགྱུར་ཡོད་བྱེད་འབྲེལ་བྱ་ཚིག་ཨིན།

3.

ཡིག་སྦྱོར་སྐབས་ཀྱི་སྨོན་ཚིག་ཟེར་མི་འདི་

a)

སྨོན་ལམ་ཟོགཔ་བཏབ་མི་ལུ་སླབ་ཨིན།

b)

སྨོན་ལམ་བཏབ་པའི་ཚིག་ལུ་སླབ་ཨིན།

c)

ལེགས་ཉེས་ཀྱི་ཁྱད་པར་ལུ་བརྟེན་ཏེ་ སྨོན་ལམ་བཟང་ངན་བཏབ་པའི་ཚིག་ལུ་ སླབ་ཨིན།

4.

སྨོན་ཚིག་ལུ་དབྱེ་བ་

a)

གཉིས་ཡོད།

b)

གསུམ་ཡོད།

c)

བཞི་ཡོད།

d)

ལྔ་ཡོད།

5.

རམ་འཇར་ལུ་སོང་། ཟེར་མི་འདི་

a)

བརྗོད་པ་རྐྱང་པ་ཨིན།

b)

ཆ་ཚང་ཨིན།

c)

སྣ་བསྡུས་ཨིན།

d)

ཚིགས་བཅད་ཀྱི་བརྗོད་པ་ཨིན།

6.

མོ་ལྷ་ཁང་ནང་དཀར་མེ་ ཕུལ་བར་སོང་ནུག། ཟེར་བའི་སྐབས་ བརྗོད་དོན་གཙོ་བོ་འདི།

a)

ལྷ་ཁང་ཨིན།

b)

དཀར་མེ་ཨིན།

c)

མོ་ཨིན།

d)

ཕུལ་ཨིན།

7.

མོ་ཁྲོམ་ཁར་ཉོ་ཚོང་རྐྱབ་དེས། ཟེར་བའི་སྐབས་ བྱ་ཡུལ་འདི་

a)

ཁྲོམ་ཨིན།

b)

རྐྱབ་ཨིན།

c)

མོ་ཨིན།

d)

ཁར་ཨིན།

8.

ཡིང་འོང་བུ་མོའི། །ཞལ་རས་མེ་ཏོག། བལྟ་རུང་མི་བསུན། །བུ་ངེའ་མིག་ཁར། །ཟེར་བའི་སྐབས་ རྩོམ་ཚིག་འདི་ ཚིག་འབྲུ་

a)

༤ ་མ་ཨིན།

b)

༥ མ་ཨིན།

c)

༦ མ་ཨིན།

d)

༧ མ་ཨིན།

9.

ཚིགས་བཅད་ཀྱི་བརྗོད་པ་འདི་ སློབ་དེབ་ལྟར་དུ་འབད་བ་ཅིན།

a)

སྙན་ངག་གི་དབྱེ་བ་ཨིན།

b)

སྙན་རྩོམ་གྱི་དབྱེ་བ་ཨིན།

c)

བརྗོད་པའི་དབྱེ་བ་ཨིན།

d)

ཚིགས་བཅད་ཀྱི་དབྱེ་བ་ཨིན།

10.

ཆབ་ཆུ་ འདི་

a)

མིང་གི་ཞེ་ས་ཨིན།

b)

བྱ་ཚིག་གི་ཞེ་ས་ཨིན།

c)

ཚིག་བསྒྱུར་གྱི་ཞེ་ས་ཨིན།

d)

གང་ཟག་གི་ཞེ་ས་ཨིན།