wayground logo

Free Printable Worksheets

NEW

Font size

S
M
L
XL
Worksheets

Dzongkha Grammar IV

Total questions: 10

Worksheet time: 5mins

Name
Class
Date
1.

ས་མགོ་ཅན་གྱི་ཡི་གུ་ ག་དེམ་ཅིག་ཡོད་ག?

a)

༡༠ ཡོད།

b)

༡༡ ཡོད།

c)

༡༢ ཡོད།

d)

༡༣ ཡོད།

2.

བསྒྲུབས་ ཟེར་བའི་སྐབས་ ས་འདི་ག་ཅི་གི་ ཡི་གུ་སྨོ?

a)

སྔོན་འཇུག་ཨིན།

b)

མིང་གཞི་ཨིན།

c)

རྗེས་འཇུག་ཨིན།

d)

ཡང་འཇུག་ཨིན།

3.

འོག་ལུ་ ལན་བཞི་ཡོད་ས་ལས་ ལོག་པའི་ཡི་གུ་ ངོས་འཛིན་འབད།

a)

ཏ་ ཐ་ ད་ ན་ ཤ། ཚུ་ཨིན།

b)

ཊ་ ཋ་ ཌ་ ཎ་ ཥ་ ཚུ་ཨིན།

c)

གྷ་ ཛྷ་ ཌྷ་ དྷ་ བྷ་ ཀྵ་ ཚུ་ཨིན།

d)

ག་ ད་ བ་ མ་ འ་ ཚུ་ཨིན།

4.

བྱ་ཚིག་ ཟེར་མི་འདི་ ག་ཅི་སྨོ?

a)

མི་དང་ སེམས་ཅན། པར་དང་ཅ་ལ་ཚུ་གི་ དོན་གྱི་ངོ་བོ་ རྐྱངམ་ཅིག་ སྟོན་མི་ལུ་སླབ་ཨིན།

b)

པར་དང་ ཅ་ལ་ མི་དང་སེམས་ཅན་ ཚུ་གི་ མིང་སླབ་མ་དགོ་པར་ ཚབ་མ་སྦེ་འཇུག་མི་ལུ་སླབ་ཨིན།

c)

པར་དང་ཅ་ལ་ཚུ་གི་ སྦོམ་ཆུང་། རིང་ཐུང་ ལ་སོགས་པའི་བཤད་པ་རྐྱབ་མི་ལུ་སླབ་ཨིན།

d)

བྱ་བའི་ལཱ་ གཙོ་བོ་བཏོན་མི་ཅིག་ལུ་སླབ་ཨིན།

5.

སྔོན་འཇུག་ཟེར་མི་འདི་ ག་ཅི་སྨོ?

a)

མིང་གཞི་ཡི་གུའི་ ཧེ་མ་འཇུག་མི་ལུ་སླབ་ཨིན།

b)

མིང་གཞི་ཡི་གུ་ཚུ་གི་ མགོ་ཏོ་ཁར་བཀལ་ཡོད་མི་ལུ་སླབ་ཨིན།

c)

མིང་གཞི་ཡི་གུའི་ ཤུལ་ལས་འཇུག་མི་ལུ་སླབ་ཨིན།

d)

རྗེས་འཇུག་གི་ཡི་གུའི་ ཤུལ་ལས་ད་རུང་ཚར་གཅིག་ འཇུག་མི་ལུ་སླབ་ཨིན།

6.

ང་གིས་ ལྷ་ཁང་འདི་ དགའ་ཏོག་ཏོ་ཡོདཔ་ལས་ མཇལ་བ་འགྱོ་ཡི། ཟེར་བའི་ རྗོད་ཚིག་འདི་ནང་ལས་ མིང་གི ཁྱད་ཚིག་ངོས་འཛིན་འབད།?

a)

ང་།

b)

ལྷ་ཁང་།

c)

དགའ་ཏོག་ཏོ།

d)

འགྱོ་ཡི།

7.

ཡང་འཇུག་ ས་ གིས་ རྗེས་འཇུག་ བ་ལུ་འཇུག་པའི་དཔེར་བརྗོད་ ངོས་འཛིན་འབད།

a)

བས།

b)

འབོས།

c)

དབུས།

d)

སྐབས།

8.

ཡང་འཇུག་ ས་ འདི་ རྗེས་འཇུག་ ག་ཅི་གི་མཐའ་མར་ འཇུགཔ་སྨོ?

a)

ག་ ང་ ད་ ན། བཞི་གི་མཐའ་མར་འཇུགཔ་ཨིན།

b)

ག་ ད་ བ་ ས། བཞི་གི་མཐའ་མར་འཇུགཔ་ཨིན།

c)

བ་ མ་ འ་ ར། བཞི་གི་མཐའ་མར་འཇུགཔ་ཨིན།

d)

ང་ ན་ མ་ ས། བཞི་གི་མཐའ་མར་འཇུགཔ་ཨིན།

9.

མགོ་ཅན་གྱི་ཡི་གུ་ ག་ཅི་ར་སྨོ?

a)

ཡ་ ར་ ལ་ ཝ། ཚུ་ཨིན།

b)

གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ། ཚུ་ཨིན།

c)

ར་ ལ་ ས། ཚུ་ཨིན།

d)

ཊ་ ཋ་ ཌ་ ཎ། ཚུ་ཨིན།

10.

མི་དང་ སེམས་ཅན་ ཅ་ལ་ ག་ཅི་ར་འབད་རུང་ ཕུན་རྡོག་གཅིག་ལས་ འགལ་ཏེ་ཡོད་མི་ལུ་་་་་་་་་་་་་་་་་་་་་་་་་་་་་་ཟེར་སླབ་ཨིན།

a)

མིང་ཚིག།

b)

མང་ཚིག།

c)

གཅིག་ཚིག།

d)

བྱ་ཚིག།