Font size
Worksheetsstory
Total questions: 13
Worksheet time: 17mins
༉ ཧེ་མ་ ཁྱིམ་ཅིག་ནང་ བྱི་ལི་སྦྱེག་ཁོག་ ཉམ་ཆུང་ཅིག་ཡོདཔ་མས། དེ་གིས་ བྱི་ཙི་ཚུ་ མགུ་སྐོར་རྐྱབ་སྟེ། དབའི༑ ཁྱེད་ཆ་ཁྱབ་ ངནི་ ཕར ལོགསམ་ ག་ལུ་ཡང་ གནོདཔ་བཀལ་ནི་ སྤངས་དཔ་ཅིག་ཨིན། ཁྱེད་ར་ཚུ་ ཉིནམ་རེ་བཞིན་དུ་ ང་ལུ་སྐོར་ར་རྐྱབ་ཤིག། ང་གིས་ ཁྱེད་ཚུའི་ ཚང་སྲུང་མི་འབད་སྡོདན་ ལེགས་ཤོམ་འོང་ནི་ཨིནམ་མས། མེན་ན? ཟེར་སླབ་ད།
བྱི་ཙི་ཚུ་ བདེན་འཛིན་རེ་སྟེ། ཨིནམ་མས། ཟེར་ ཉིནམ་རེ་བཞིན་དུ་ སྐོར་ར་ རྐྱབ་པར་འགྱོཝ་ད། བྱི་ལི་འདི་གིས་ ཁོང་བྱི་ཙི་ཚུ་གིས་ རྩ་ལས་མ་ཤེསཔ་འབད་ སྐོར་ར་ མཇུག་རྫོགས་མཚམས་ལས་ བྱ་ཙི་རེ་བཟུང་སྟེ་ བཟའཝ་ལས། ཉིནམ་གཅིག་བ་ ཉིནམ་གཅིག་ ཉམས་རྒྱགས་སུ་རྒྱགས་སུ་སོང་། བྱི་ཙི་ཚུནི་ ཉིནམ་གཅིག་བ་གཅིག་ ཉུང་སུ་ཉུང་སུ་ལོག་སོཔ་ལས། བྱི་ཙི་ཚུ་ དོགས་པ་ཟ་སྟེ་ ག་དེ་སྦེ་ཨིན་ན? དེ་ ག་གི་སྐྱོན་ཡང་ མི་འོང་། ཁོ་གི་ སྐྱོན་ར་ཨིན། ཟེར་ བརྟག་དཔྱད་ ན་འཐན་ འབདཝ་ད། བྱི་ལི་འདི་གིས་ སྐོར་ར་རྐྱབ་པའི་ མཇུག་རྫོགས་མཚམས་ལས། བྱི་ཙི་རེ་ བཟུང་བཟའཝ་ཨིནམ་ ཤེས་ཏེ།
སྲུང་འདི་
བྱི་ལི་གི་སྐོར་ལས་ ཨིན་མས།
བྱི་ཙི་གི་སྐོར་ལས་ ཨིན་མས།
བྱི་ལི་སྦྱེག་ཁོག་གི་སྐོར་ལས་ ཨིན་མས།
སྲུང་འདི་ནང་ལུ་
བྱི་ལི་སྦྱེག་གིས་ མགུ་སྐོར་རྐྱབ་ནུག།
བྱི་ཙི་གིས་ མགུ་སྐོར་རྐྱབ་ནུག།
མགུ་སྐོར་རྐྱབ་ནུག།
བྱི་ལི་གིས་
ཚང་སྲུང་མི་འབད་ སྡོད་གེ་ཟེར་སླབ་ནུག།
ཁྱིམ་སྲུང་མི་འབད་ སྡོད་གེ་ཟེར་སླབ་ནུག།
ལྡུམ་རྭ་སྲུང་མི་འབད་ སྡོད་གེ་ཟེར་སླབ་ནུག།
བྱི་ལི་ ཉམས་རྒྱགས་སུ་འབད་ འགྱོ་མི་འདི་
ལྟོ་ བཟའ་ནི་ འདི་གིས་ཨིན།
ཤ་ བཟའ་ནི་ འདི་གིས་ཨིན།
བྱི་ཙི་ བཟའ་ནི་ འདི་གིས་ཨིན།
སྲུང་གི་དོན་དག་ རང་ལས་ རོགས་མཁས་ ཟེར་མི་འདི་
བདེན་པས།
མི་ བདེན་པས།
པར་ནང་ལུ་ རྒྱགས་པ་ལ་ ག་ཨིན་མས?
གཡས་ལུ་ འདུག།
སྦུག་ལུ་ འདུག།
གཡོན་ལུ་ འདུག།
སྲུང་འདི་ནང་ ག་དང་ག་ར་འདུག?
བྱི་ལི་དང་ རོ་ཁྱི་ འདུག།
བྱི་ཙི་དང་ ཆ་རོགས་ཚུ་ འདུག།
བྱི་ལི་དང་ བྱི་ཙི་ འདུག།
Quizziz ཐབས་ལམ་འདི་
སྤྲོ་བ་ འདུག།
སྤྲོ་བ་ མིན་འདུག།
སྐོར་ར་ མཇུག་རྫོགས་མཚམས་ལས་ ཅིག་ནང་
བྱ་ཙི་རེ་བཟུང་ བཟའ་ནུག།
བྱི་ལི་བཟུང་ བཟའ་ནུག།
བྱི་ལི་དང་ བྱ་ཙི་ འཆམ་ཏོག་འབད་ སྡོད་ནུག།
སྲུང་གི་བཅུད་དོན་
དགྲ་ཐབས་ཀྱིས་ བཏུལ།
ཆ་རོགས་འབད་བའི་སྐོར།
རོགས་ལུ་ ལེགས་ཤོམ་འབད་དགོ་པའི་སྐོར།
ཁོང་ གཉིས་ལས་ གནས་སྐབས་ ག་མཁས་པས?
བྱི་ལི།
བྱི་ཙི།
དངུལ་གྱི་དྲིལ་བུ་འདི་གིས་ བྱི་ཙི་ཚུ་ལུ་ ཕན་ཐོགས་ག་ཅི་འདུག?
ཚེ་སྲོག་ལས་ ཐར་ཚུགས་ནུག།
ལཱ་ལེགས་ཤོམ་ འགྱོ་ནུག།
བྱི་ཙི་ཚུ་ལུ་ གྲོགས་རམ་ འབད་ནུག།
སྦྱེག་ཁོག་གི་ འགའ་མིང་
རྒྱགས་པ་ལ།
སྐམ་ཀྲ་ལ།
ཆུང་ཀུ་ལ།
