Search Header Logo
མཚན་དོན་དོན་ ཕྱག་མཆོད།

མཚན་དོན་དོན་ ཕྱག་མཆོད།

Assessment

Presentation

English

1st Grade

Practice Problem

Hard

Created by

Rigzin Wangdi

Used 3+ times

FREE Resource

7 Slides • 0 Questions

1

རྒྱལ་སྲས་ལག་ལེན།

དོན་ཚན࿒ མཚན་དོན་དང་ཕྱག་མཆོད།

སློབ་སྦྱོང་ལས་དོན།

  1. མཚན་བཏགས་དགོ་པའི་དགོས་པ་ འབྲི་སླབ་འབད་ཚུགས་དགོ།

  2. མཚན་དོན་གྱི་གོ་དོན་ཚུ་ འབྲི་སླབ་འབད་ཚུགས་དགོ།

  3. ལཱ་དང་བྱ་བ་ག་ཅི་འབད་རུང་ དེ་གི་ཧེ་མ་ཕྱག་མཆོད་ཕུལ་དགོ་པའི་དགོས་པ་ཚུ་ འབྲི་སླབ་འབད་ཚུགས་དགོ།

2

༡ མཚན་བཏགས་དགོ་པའི་དགོས་པ།

མདོ་ནང་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །

དེ་བས་མགོན་པོས་ཐབས་མཁས་པས། །ཆོས་རྣམས་མིང་དུ་བཏགས་པར་མཛད། །

དེ་གི་གོ་དོན། ག་ཅི་ར་འབད་རུང་ མིང་མ་བཏགསཔ་འདྲཝ་ཅིག་འབད་བ་ཅིན། འཇིག་རྟེན་འཛམ་གླིང་ནང་གི་མི་ཚུ་ མགུ་འཐོམ་ནིའི་གཞི་ལུ་འགྱོཝ་ཨིན། དེ་འབདཝ་ལས་ སྐྱབས་དང་མགོན་སངས་རྒྱས་དང་ཐབས་ཤེས་མཁས་པ་ཚུ་གིས།

ག་ཅི་ར་འབད་རུང་ རེ་རེ་བཞིན་དུ་ མིང་བཏགས་ཏེ་མཛདཔ་ཨིན་ཟེར་བའི་དོན་ཨིན།

རིག་པ་རབ་འབྲིང་ཐ་མ་གསུམ་ལུ་ཕན་ཐོགས་ཡོདཔ།

༡ རིག་པ་རབ་ཡོད་མི་ཚུ་འབད་བ་ཅིན་ དཔེ་ཆ་གི་མཚན་མཇལཝ་ཅིག་ འགོ་ལས་མཇུག་ཚུན་ཚོད་ཀྱི་དོན་དག་ཚུ་ ཤེས་ཚུགས། དཔེར་ན། དྲུང་འཚོ་མཁས་པ་ཚུ་གིས་ ལགཔ་གི་རྩ་བལྟཝ་ཅིག་ མགུ་ཏོ་ལས་རྐངམ་ཚུན་གྱི་ནད་གཞི་ཚུ་

3

ག་ཅི་ར་ཨིན་ན་ཤེས་ཚུགས་དོ་བཟུམ་ཅིག།

༢ རིག་པ་འབྲིང་ཅིག་འབད་བ་ཅིན་ དཔེ་ཆ་གི་མཚན་མཐོངམ་ཅིག་ དཔེ་འདི་ནང་གི་དོན་དག་ཚུ་ ག་ཅི་ར་སྟོན་དོ་ ཧ་ལམ་ཅིག་ཤེས་ཚུགས་པའི་ཕན་པ་ཡོད། དཔེར་ན། དམག་མི་ཚུ་ རང་རང་སོ་སོའི་བཏགས་རྒྱན་ཚུ་ བཏགས་སར་ མཐོངམ་ད་ སྡ་ེ་ཁག་ཚུ་ ག་ཅི་ཨིན་ན་ ཧ་གོ་ཚུགས་དོ་བཟུམ་ཨིན།

༣ རིག་པ་ཐ་མ་འདི་འབད་བ་ཅིན་ དཔེ་ཆ་གི་ མཚན་མཐོངམ་ཅིག་ དཔེ་ཆ་ཚུ་འཚོལ་ནི་ལུ་འཇམ་ནིའི་ཕན་པ་ཡོད།

དཔེར་ན། སྨན་གྱི་སྤོག་ཏོ་ལུ་ མིང་བཏགས་ཏེ་འབདཝ་ད་ སྨན་ག་ཅི་ཨིན་ན་ཤེས་ཚུགས་དོ་བཟུམ་ཅིག་ཨིན།

4

༢༽ རྒྱལ་སྲས་ལག་ལན་སུམ་བཅུ་སོ་བདུན་མ་བཞུགས་སོ།

མཚན་དོན། རྒྱལ་བའི་སྲས་ཀྱི་ལག་ལན་ སུམ་བཅུ་སོ་བདུན་མ་ཟེར་བའི་ འགྲེལ་བཤད་བསྡུས་པ། བདུད་བཞི་ལས་རྒྱལ་བའི་ རྫོགས་པའི་སངས་རྒྱས་དང་ དེའི་ཐུགས་ཀྱི་སྲས་ བྱང་ཆུབ་སམས་དཔའི་ཚུ་གིས་ སེམས་ཅན་ཚུ་གི་དོན་མཛད་ པའི་སྐབས་ རྒྱལ་སྲས་ཀྱི་མཛད་པ་ རྒྱ་མཚོ་བཟུམ་སྦེ་ཡོད་པའི་གྲས་ལས་ བཅུད་བསྡུས་ཏེ་ ཤོ་ལོ་ཀ་སུམ་ཅུ་སོ་བདུན་ འདི་ནང་ལུ་བཀོད་དེ་ ཡོད་ཟེར་བའི་དོན་ཨིན།

བདུད་བཞི་ནི།

༡ ལྷའི་བུ་བདུད། ༢ ཉོན་མོངས་པའི་བདུད། ༣ ཕུང་པོའི་བདུད། ༤ འིཆི་བདག་ག་བདུད།

ན་མོ་ལོ་ཀྭེ་ཤྭ་ར་ཡ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འིཚལ་ལོ།

5

རྒྱལ་སྲས་ལག་ལེན།་ཟེར་བའི་དོན་

རྒྱལ་སྲས་ཟེར་མི་འདི་ བདུད་བཞི་ལས་རྒྱལ་བའི་ རྒྱལ་བ་རྫོགས་པའི་སངས་རྒྱས་ལུ་ཞུཝ་ཨིན། སྲས་ཟེར་མི་འདི་ རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ སྲས་༣ ཡོད་པའི་གྲས་ལས་ ཐུགས་ཀྱི་སྲས་བྱང་ཆུབ་སམས་དཔའ་ཚུ་ལུ་ཞུཝ་ཨིན། བྱང་ཆུབ་སམས་དཔའ་ ཚུ་གིས་མཛད་མི་ ཕྱག་ལཱ་འདི་ལུ་ རྒྱལ་སྲས་ལག་ལན་ཟེར་ཞུཝ་ཨིན།

སྲས་གསུམ་ནི། ༡) སྐུའི་སྲས་ སྒྲ་ཅན་འཛིན། ༢) གསུང་གི་སྲས་ ཉན་ཐོས་དང་རང་སངས་རྒྱས། ༣) ཐུགས་ཀྱི་སྲས་ བྱང་ཆུབ་སམས་དཔའ། ཟེར་གསུམ་ཡོད།

6

​མིང་ཚག་གོ་དོན།

ཚིག་རྐང་= ཚིག་འབྲུ་མང་ཉུང་འདྲ་མཉམ་ཡོད་པའི་ ཚིགས་བཅད་ཀྱི་ བཅད་མཚམས་ཅིག་ལུ་སླབ་ཨིན།།

ཤོ་ལོ་ཀ་= ཚིག་འབྲུ་འདྲ་མཉམ་ཡོད་པའི་ཚིག་རྐང་བཞི། ཚིགས་བཅད་དང་ ཡངན་ ཤོ་ལོ་ཀ་ཟེར་སླབ་ཨིན།

ཕྱག་མཆོད།

ན་མོ་ལོ་ཀ་ཤྭ་ར་ཡ། འཇིག་རྟེན་དབང་ཕྱག་ལ་ཕྱག་འཚལ་ལོ་ ཟེར་བའི་དོན་ཨིན།

ཚིག་གི་་གོ་དོན། ན་མོ་= ཕྱག་འཚལ་ལོ། ལོ་ཀ་= འཇིག་རྟེན།

ཤྭ་ར་= དབང་ཕྱུག། ཡ་= ལུ།

7

༣ ཕྱག་འཚལ་དགོ་པའི་དགོས་པ།

  1. རྒྱལ་སྲས་ལག་ལེན་རྩོམ་པའི་སྐབས་བར་ཆད་ཚུ་མ་འབྱུང་པར་བྱ་བ་ཚུ་ ལེགས་ཤོམ་མཐར་འཁྱོལ་ནི་དོན་ལུ།

  2. བསོད་ནམས་བསག་ནིའི་དོན་ལུ།

  3. མ་འོངས་པའི་སེམས་ཅན་ཚུ་ཕན་ཐོགས་ནིའི་དོན་ལུ།

    ༤ མཇུག་བསྡུའི་དྲི་བ།

    ༡ རྒྱལ་སྲས་ལག་ལེན་རྩོམ་མི་ག་སྨོ? ༢ རྒྱལ་སྲས་ལག་ལེན་ཟེར་བའི་གོ་དོན་་བྲིས།

    ༣ རྒྱལ་སྲས་ལག་ལེན་ལྷབ་པ་ཅིན་ ཕན་ཐོགས་ནི་བཟུམ་ཅི་འདུག་ག? ག་དེ་སྦེ?

    ༤ བྱང་ཆུབ་སེམས་དཔའ་ཟེར་མི་འདི་ལུ་ ག་ཅི་ར་ཚང་དགོཔ་བཟུམ་འདུག?

རྒྱལ་སྲས་ལག་ལེན།

དོན་ཚན࿒ མཚན་དོན་དང་ཕྱག་མཆོད།

སློབ་སྦྱོང་ལས་དོན།

  1. མཚན་བཏགས་དགོ་པའི་དགོས་པ་ འབྲི་སླབ་འབད་ཚུགས་དགོ།

  2. མཚན་དོན་གྱི་གོ་དོན་ཚུ་ འབྲི་སླབ་འབད་ཚུགས་དགོ།

  3. ལཱ་དང་བྱ་བ་ག་ཅི་འབད་རུང་ དེ་གི་ཧེ་མ་ཕྱག་མཆོད་ཕུལ་དགོ་པའི་དགོས་པ་ཚུ་ འབྲི་སླབ་འབད་ཚུགས་དགོ།

Show answer

Auto Play

Slide 1 / 7

SLIDE