Search Header Logo
༼  དངོས་པོ་བདག་གཞན་གྱི་སྐོར ༽

༼ དངོས་པོ་བདག་གཞན་གྱི་སྐོར ༽

Assessment

Presentation

Architecture

1st - 5th Grade

Practice Problem

Easy

Created by

Lhakpa Dhendup

Used 2+ times

FREE Resource

15 Slides • 10 Questions

1

​ ༼ དོན་ཚན། དངོས་པོ་བདག་གཞན་གྱི་སྐོར ༽

སྤྱི་ཚེས་ ༢༦ ་ ༥་ ༢༠༢༣

2

༼ ལས་དོན་འགྲུབ་དགོཔ། Objectives /  outcome ༽

སློབ་་སྟོན་འདི་ མཇུག་བསྡུཝ་ད་ སློབ་ཕྲུག་རེ་རེ་བཞིན་དུ་གིས་

༡་ དངོས་པོ་བདག་གཞན་གྱི གོ་དོན་འབྲི་སླབ་འབད་ཚུགས་དགོ།

༢་ དངོས་པོ་བདག་དང་གཞན་གྱི་ དཔེར་བརྗོད་རྐྱབ་ཤེས་དགོ།

༣་ ཕོོ་ནིི་འདས་དང་གཞན་བསྒྲུབ་ཕྱིིར། མ་ནིང་གཉིས་ཀ་ད་ལྟར་ཆེད།། ཟེར་བའི་གོ་དོན་དཔེ་དང་བཅས་འབྲི་ཚུགས་དགོ།

༤་ རྫོང་ཁའི་ནང་ཁྱབ་ཆེ་དྲགས་འབད་ ལག་ལེན་འཐབ་སྲོལ་ཡོད་པའི་ཡིག་སྡེབ་༡༠་འབྲི་སླབ་འབད་ཚུགས་དགོ།

3

media

4

​ ༼ དངོས་པོ་བདག ༽

དངོས་པོ་བདག་ཟེར་མི་འདི་ ལཱ་འབད་མི་བྱེད་པ་པོ་དང་ དེ་དང་འབྲེལ་བའི་བྱ་བ་ ལཱ་འབད་ཐངས་ཀྱི་ རྣམ་འགྱུར་ཚུ་ལུ་ དངོས་པོ་བདག་ཟེར་སླབ་ཨིན།

དཔེར་ན། སློབ་དཔོན་གྱིས་ ཁྱིམ་ལཱ་དབྱེ་ཞིབ་འབད།

ཡང་ན། ཡི་གུ་འབྲི་མི། རྡོ་དཀྲུམ་ མཁན།

ཁྱིམ་ལཱ་དབྱེ་ཞིབ་འབད་མི་སློབ་དཔོན་དང་ དེ་དང་འབྲེལ་བའི་བྱ་བ་ ཁྱིམ་ལཱ་དབྱེ་ཞིབ་འབད་ཐངས་ཀྱི་རྣམ་འགྱུར་ལུ་སླབ་ཨིན།

5

​ ༼ དངོས་པོ་གཞན ༽

བྱ་བའི་ཡུལ་དང་ དེ་དང་འབྲེ་བའི་བྱ་བ་ ལཱ་རིམ་པ་བཞིན་དུ་ རྫོགས་འགྱོ་བའི་བྱ་བ་ལུ་དངོས་པོ་གཞན་ཟེར་

གོ་ནི་ཨིན།

དཔེར་ན། བྱ་བའི་ཡུལ་ལམ་ལས་ཁྱིམ་ལཱ་དང་ དེ་དང་འབྲེལ་བའི་བྱ་བ་ཁྱིམ་ལཱ་བཞིན་པ་འབད་དེ་ རྫོགས་འགྱོ་མི་ལུ་

6

ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།

༼ འགྲེལ་བཤད ༽

སྔོན་འཇུག་གི་ཕོ་ཡིག་ བ་ གིས་ དུས་གསུམ་ལས་ འདས་པ་ལུ་འཇུག་ནི་དང་་ དངོས་པོ་བདག་གཞན་གཉིས་ལས་ དངོས་པོ་གཞན་ལུ་འཇུགཔ་ཨིན་ཟེར་བའི་དོན་སྟོནམ་ཨིན།

7

​ ༼ དུས་འདས་པ་ལུ་འཇུག་ཐངས ༽

དཔེར་ན།་ བསྐྱལ་ཡི།

བསྐངས་ནུག།

བཅར་ཡི།

8

​ ༼ དངོས་པོ་གཞན ༽

​དཔེར་ན། བསྐང་ནིའི་རེ་བ།

བསྒྲུབ་ནིའི་ཆོས།

9

​ མ་ནིང་གཉིས་ཀ་ད་ལྟར་ཆེད།།

​སྔོན་འཇུག་གི་ མ་ནིང་ ག་ད་གཉིས་ཀྱིས་ དངོས་པོ་བདག་གཞན་གཉིས་དང་ དུས་ད་ལྟ་བ་ལུ་འཇུགཔ་ཨིན་ཟེར་བའི་དོན་སྟོནམ་ཨིན།

10

​ དཔེར་ན།

དངོས་པོ་བདག་ལུ། ༼ ག ༽ དངུལ་གསག་མི།

༼ ད ༽ དཀྱོག་མི།

དངོས་པོ་གཞན་ལུ་ དཔེར་ན། ༼ ག ༽ གསག་ནིའི་དངུལ།

༼ ད ༽ དཀྱོག་ནིའི་ཨོམ།

​དུས་ད་ལྟ་བ་ལུ། དཔེར་ན། དངུལ་གསག་པའི་བསྒང་།

ཨོམ་དཀྱོག་དེས།

11

​ ༡་ རྡོ་དཀྲུམ། ༢་ བུང་གཏང་། ༣་ དབྱེ་བ་དཔྱད། ༤་ རྫོགས་འགྱོ་ནི།༥་ ངོས་འཛིན། ༦་ ལྟོ་བཟའ།

༧་ ཁོ་དང་བསྟུན་ཏེ་འབད། ༨་ འབྲེལ་བ་འཐབ། ༩་ གོངམ་དང་འོགམ། ༡༠་ ཨོལ་ལྐོག་གཅུ།

​ ༼ ཁག་ཆེ་བའི་ཡིག་སྡེབ་ ༡༠ ༽

12

མོ་ནི་བདག་ད་མ་འོངས་ཕྱིར།།

སྔོན་འཇུག་གི་ མོ་ཡིག་ ༼འ༽ འདི་གིས་ དངོས་པོ་བདག་ད་ེལས་ དུས་ད་ལྟ་བ་དང་མ་འོངས་པ་ཚུ་ལུ་འཇུགཔ་ཨིན་ཟེར་བའི་དོན་སྟོནམ་ཨིན།

13

​ ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།

སྔོན་འཇུག་གི་ཤིན་ཏུ་མོ་ ༼མ༽ གིས་ དངོས་པོ་བདག་གཞན་དང་ དུས་གསུམ་ཆ་ར་ལུ་ འཇུགཔ་ཨིན་ཟེར་བའི་དོན་སྟོནམ་ཨིན།

14

​ དཔེར་ན།

དངོས་པོ་བདག་ལུ།= གོ་ལ་འཁྱུ་མི། ཨ་ལོ་འཁྱིད་མི།

དུས་ད་ལྟ་བ་ལུ། = གོ་ལ་འཁྱུ་དོ། ཨ་ལོ་འཁྱིད་དེས། བསྒང་།

དུས་མ་འོངས་པ་ལུ། = གོ་ལ་འཁྱུ་ནི། ཨ་ལོ་འཁྱིད་འོང་།

15

དཔེར་ན།

དངོས་པོ་བདག། སྐུདཔ་མཐུད་མི།

དངོས་པོ་གཞན། མཐུདཔ་ནིའི་སྐུདཔ།

དུས་འདས་པ། སྐུདཔ་མཐུད་ཅི།

དུས་ད་ལྟ་བ། སྐུདཔ་མཐུད་དོ།

དུས་མ་འོངས་པ། སྐུདཔ་མཐུདཔ་འོང།

16

Multiple Choice

འོག་ལུ་ གདམ་ཁ་ཅན་གྱི་ དྲི་བ་༡༠་ཡོདཔ་ལས་ དེ་ཚུ་གི་ ལན་རྐྱབ་ནི་གི་ གྲ་སྒྲིག་བཟོ།

1

ཀཀཀ

2

ཁཁཁ

17

Multiple Choice

༡་ བྱེད་པ་པོ་དང་ བྱ་བའི་ཡུལ་གཉིས་གཅིག་ཁར་འཕྱདཔ་ད་

1

ཀ་ བྱ་བྱེད་ལས་གསུམ་གྱི་དབྱེ་བ་ཕྱེཝ་ཨིན།

2

དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེཝ་ཨིན།

3

མིང་ཚིག་གི་དབྱེ་བ་ཕྱེཝ་ཨིན།

18

Multiple Choice

༥༽ ཤིང་གཅད་མི་ ཟེར་མི་དཔེར་བརྗོད་འདི་

1

ཀ༽ དངོས་པོ་གཞན་གྱི་དཔེ་ཨིན།

2

ཁ༽ དངོས་པོ་བདག་གི་དཔེ་ཨིན།

3

ག༽ དུས་ད་ལྟ་བའི་དཔེ་ཨིན།

19

Multiple Choice

༢་ བྱེད་པ་པོ་དང་ བྱེད་པ་པོ་གིས་ལཱ་འབད་བའི་རྣམ་འགྱུར་ལུ་

1

ཀ ༽ དངོས་པོ་བདག་ཟེར་སླབ་ཨིན།

2

ཁ༽ བྱ་བ་ཟེར་སླབ་ཨིན།

3

ག༽ དངོས་པོ་གཞན་ཟེར་སླབ་ཨིན།

20

Multiple Choice

༣་ གླང་གིས་ཞིང་རྨོ་ ཟེར་བའི་སྐབས་ བྱེད་པ་པོ་ལུ་ཡོད་པའི་ བྱ་བ་འདི་

1

ཀ༽ ཞིང་རྨོ་མི་བྱེད་པ་པོ་ གླང་འདི་ཨིན།

2

ཁ༽ ཞིང་རྨོ་སྟེ་ རིམ་པ་བཞིན་མཇུག་བསྡུ་མི་འདི་ཨིན།

3

ག༽ གླང་གིས་ཞིང་རྨོ་བའི་རྣམ་འགྱུར་འདི་ཨིན།

21

Multiple Choice

༤་ ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཟེར་བའི་སྐབས་ སྔོན་འཇུག་གི་ ཕོ་ཡིག་གིས་ དུས་འདས་པ་ལུ་ འཇུག་པའི་ དཔེར་བརྗོད་འདི་

1

ཀ༽ ཏི་རུ་བསྐྱིས་ནུག།

2

ཁ༽ དཀྱི་ར་དཀྱིས་ནུག།

3

ག༽ སེམས་སྐྱིད་ཅི།

22

Multiple Choice

༦ ༽ འོག་གི་ དཔེར་བརྗོད་ཚ་ུལས་ སྔོན་འཇུག་གི་ མོ་ཡིག་ གིས་ དུས་ད་ལྟ་བ་ལུ་འཇུག་པའི་དཔེར་བརྗོད་འདི་

1

ཀ༽ འཕྱར་ནིའི་དར།

2

ཁ༽ དར་འཕྱར་མི།

3

ག༽ ང་དར་འཕྱར་བའི་བསྒང་ཨིན།

23

Multiple Choice

༧༽ སྔོན་འཇུག་གི་ ཤིན་ཏུ་མོའི་ཡི་གུ་འདི་

1

ཀ༽ མ་ཨིན།

2

ཁ༽ འ་ཨིན།

3

ག༽ ན་ཨིན།

24

Multiple Choice

༨༽ དངོས་པོ་གཞན་ཟེར་མི་འདི་

1

ཀ༽ བྱ་བའི་ཡུལ་དང་ བྱ་བའི་ཡུལ་ལུ་ཡོད་པའི་ལཱ་འདི་རིམ་པ་བཞིན་རྫོགས་འགྱོ་མི་འདི་ལུ་སླབ་ཨིན།

2

ཁ༽ བྱེད་པ་པོ་དང་ བྱེད་པ་པོ་གིས་ ལཱ་འབད་ཐངས་ལུ་སླབ་ཨིན།

3

ག༽ བྱ་བའི་ཡུལ་དང་ བྱེད་པ་པོ་ལུ་སླབ་ཨིན།

25

Multiple Choice

༡༠༽ སྔོན་འཇུག་གི་ མ་ནིང་ ག་ད་གཉིས་ཀྱིས་་་་་་

1

ཀ༽ དངོས་པོ་བདག་གཞན་དང་ དུས་ད་ལྟ་བ་ལུ་འཇུགཔ་ཨིན།

2

ཁ༽ དུས་འདས་པ་དང་ དངོས་པོ་གཞན་ལུ་འཇུགཔ་ཨིན།

3

ག༽ དངོས་པོ་བདག་གཞན་དང་ དུས་༣་ཆ་ར་ལུ་འཇུགཔ་ཨིན།

​ ༼ དོན་ཚན། དངོས་པོ་བདག་གཞན་གྱི་སྐོར ༽

སྤྱི་ཚེས་ ༢༦ ་ ༥་ ༢༠༢༣

Show answer

Auto Play

Slide 1 / 25

SLIDE