Worksheetsbuddhist philosophy first year student
Total questions: 13
Worksheet time: 10mins
འོག་ནས་བཤད་པའི་བསོད་ནམས་ཀྱི་ཚོགས་གང་དང་གང་ཡིན།
ཏིང་ངེ་འཛིན།
ཤེས་རབ།
བསམ་གཏན།
སྦྱིན་པ། ཚུལ་ཁྲིམས། བཟོད་པ།
གོང་གི་དེ་དག་གང་ཡང་མིན་པ།
གྲུབ་མཐའ་སྦྱངས་པའི་གལ་གནད་ཆེན་པོ་གསུམ་གང་དང་གང་ཡིན།
ཕྱི་ནང་གི་ཁྱད་པར་བཤད།
སྨྲ་བའི་བརྟུལ་བཞུགས་འཛིན་པ།
གཟུར་གནས་སྐྱེ་བོས་བསྒྲེང་བྱེད་པ།
ནང་ཕྱི་སྟོན་པ་ངོས་བཟུང་བ།
ཕྱི་ནང་གི་བླ་མ་བཤད་པ།
སྤྱོད་འཇུག་ལས།དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད།།ཞེས་པའི་གཞན་དོན་གྱི་བསམ་པ་མེད་ཅེས་པའི་གཞན་དེ་སུ་ལ་གོ་དགོས་སམ།
ཕྱི་རོལ་པ།
བྱང་ཆུབ་སེམས་པ།
སྡེབ་སྦྱོར་དང་སྙན་ངག་མཁས་པ་ཡིན་ནམ་སྙམ་ནས་ཆོས་ཉན་པ།
སྔོན་ཆད་མེད་པ་གཅིག་ཤོད་རྒྱུ་ཡོད་ན་སྙམ་པ།
སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་པའི་སྡིག་པ་སྟོབས་ཆེན་ཟེར་ན་གང་ལ་ཟེར་དགོས།
མི་གསོད་པའི་སྡིག་པ།
མཆོད་རྟེན་གཏོར་བའི་སྡིག་པ།
སྦྱོར་དངོས་འཇུག་གསུམ་ཚང་བའི་སྡིག་པ།
བླ་མ་འཕྱ་སྨོད་བྱས་པའི་ཉེས་པ།
རྩ་ཟ་སེམས་ཅན། རྩ་དང་ཤ་ཟ་གཉིས་ཀ་ཡིན་མཁན་གྱི་སེམས་ཅན་གཉིས་ལ།
འགལ་བ།
དོན་གཅིག
མུ་གསུམ།
མུ་བཞི།
རྒྱུ་དང་། འབྲས་བུ།
འགལ་བ།
དོན་གཅིག
མུ་གསུམ།
མུ་བཞི།
བུམ་པའི་རྒྱུ་དང་། བུམ་པའི་འབྲས་བུ།
འགལ་བ།
དོན་གཅིག
མུ་གསུམ།
མུ་བཞི།
བོད་དུ་བསྡུས་གྲྭའི་གཞུང་ཐོག་མར་འཛུགས་མཁན་སུ་ཡིན།
ས་པཎ།
སི་ཏུ་པཎ་ཆེན།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།
ཕྱྭ་པ་ཆོས་སེང་།
རྟ་དཀར་པོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། ཟེར་ན་ལན་བཞི་ནང་ནང་གང་འདེབས་དགོས་སམ།
(a)
བུ་བསྟན་འཛིན་ཆོས་ཅན། དངོས་པོ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ལན་བཞི་ནང་ནས་གང་འདེབས་དགོས་སམ།
(a)
གཞི་གྲུབ་ཀྱི་མཚན་ཉིད།
དོན་བྱེད་ནུས་པ།
བློའི་ཡུལ་དུ་བྱ་རུང་བ།
གསལ་ཞིང་རིག་པ།
ཚད་མས་དམིགས་པ།
རྒྱལ་བའི་རྒྱལ་ཚབ།
རྗེ་རིན་པོ་ཆེ།
སྤྱན་རས་གཟིགས།
འཇམ་དཔལ་དབྱངས།
རྒྱལ་བ་བྱམས་པ་མགོན་པོ།
ཕྱི་ནང་གི་ཁྱད་པར་གྲུབ་མཐས་འབྱེད་ཚུལ་ཇི་ལྟར་ཡིན།
སྐྱབས་འགྲོ་ཡོད་མེད་ཀྱིས་འབྱེད།
ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས་འབྱེད།
སྟོན་པ་བཅོམ་ལྡན་འདས་ཁས་ལེན་མི་ལེན་གྱིས་འབྱེད།
འཚེ་བ་ཡོད་མེད་ཀྱི་ཉམས་ལེན་གྱིས་འབྱེད།
