NEW
Font size
Worksheetsབྱ་སྤྲེལ་གཏམ་རྒྱུད།
Total questions: 10
Worksheet time: 20mins
སྤྱི་ནོར་སྒེར་གྱིས་བསྲུངས་པ་དེ། །་་་་་་་་་་རྩོད་པའི་སྔ་ལྟས་ཡིན། །ཞེས་པའི་བར་སྟོང་སྐོངས།
འཁྲུག་པ་
ཁ་མཆུ་
གྲོགས་པོ་
་་་་་་་་་་་་སྒེར་གྱིས་ཟ་བ་དེ། །ལྟོགས་འགོང་སྙིང་ལ་ཞུགས་པ་ཡིན། །བར་སྟོང་སྐོངས།
སྤྱི་ཟས་
སྤྱི་དངུལ་
སྤྱི་ཞིང་
བྱ་སྤྲེལ་གཏམ་རྒྱུད་ཀྱི་བྱུང་རྐྱེན་ནི།
གོར་བོད་དམག་འཁྲུག་དེའོ།།
སྤྲེའུ་རྣམས་རང་གནས་སུ་མ་བསྡད་པར་བྱ་ཡི་གནས་སུ་ཕྱིན་པ་དེའོ།།
སྦམ་ས་ཧེབ་ཡིན།
གོར་བོད་དམག་འཁྲུག་སྐབས་ཀྱི་ཞི་མོལ་གནས་མཁན་བལ་ཡུལ་གྱི་སྐུ་ཚབ་ནི།
སྦམ་ས་ཧིལ་ཡིན།
སྦམ་ས་ཧེལ་ཡིན།
སྦམ་ས་ཧུལ་ཡིན།
སྲོག་ཆགས་ ཞེས་བརྗོད་སྐབས་ཆགས་ཀྱི་གོ་དོན་ནི།
སྲེད་པའམ་ཆགས་པའི་དོན་ཡིན།
དུམ་བུར་འགྲོ་བའི་དོན་ཡིན།
མཆིས་པའམ་ཡོད་པའི་དོན་ཡིན།
བྱ་ཡི་ཕྱོགས་ནས་སྤྲེའུར་སྐད་ཆ་ཤོད་དུ་ལྷ་བྱ་གོང་མོ་གཏོང་དོན་གང་ཡིན་ནམ།
ཕྱིའི་གཟུགས་མཛེས་ལ་སྐད་སྙན་པོ་ཡོད་པས་ཡིན།
གཟུགས་སྟོབས་ཆེ་ལ་གཏམ་ཤོད་མཁས་པས་ཡིན།
སྐད་སྙན་ལ་གཏམ་ཤོད་མཁས་པས་ཡིན།
སྤྲེའུའི་གཙོ་བོ་དེའི་མིང་གང་ཡིན་ནམ།
སྤྲེའུ་ཨ་ལི་མ།
སྤྲེའུ་སྤྲིན་གྱི་སྒྲ་ཅན།
སྤྲེའུ་སྤྲིན་གྱི་གཞོན་པ།
བག་མེད་ལོངས་སྤྱོད་ཅེས་པའི་དོན་གང་ཡིན་ནམ།
སྣང་མེད་དུ་ལོངས་སྤྱོད་བྱེད་པའི་དོན་ནོ།།
དོ་སྣང་ཆེན་པོས་ལོངས་སྤྱོད་བྱེད་པའི་དོན་ནོ།།
མ་འོངས་པར་བསམས་ནས་ལོངས་སྤྱོད་བྱེད་པའི་དོན་ནོ།།
གཅན་གཟན་ཞེས་པའི་དོན་གང་ཡིན་ནམ།
འདབ་གཤོག་ལྡན་པའི་སྲོག་ཆགས།
སྡེར་མོ་ལྡན་པའི་སྲོག་ཆགས།
རྨིག་པ་ལྡན་པའི་སྲོག་ཆགས།
སྟག་གཟིག་དོམ་དྲེད་སོགས་སྲོག་ཆགས་རྣམས་
རི་ཀུན་བཟང་གི་རྩེ་མོར་གནས་ཀྱི་ཡོད།
རི་ཀུན་བཟང་གི་སྐེད་པར་གནས་ཀྱི་ཡོད།
རི་ཀུན་བཟང་གི་རྩ་བར་གནས་ཀྱི་ཡོད།
