wayground logo

Free Printable Worksheets

NEW

Font size

S
M
L
XL
Worksheets

བྱ་ཚིག་ལ་དཔྱོད་པ། གཉིས་པ།

Total questions: 10

Worksheet time: 20mins

Name
Class
Date
1.

བདག་གཞན་གཉིས་ནི།

a)

བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་དང་འབྲེལ་བ་ཡོད།

b)

བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བ་དང་འབྲེལ་བ་ཡོད།

c)

བྱ་བྱེད་ངོ་བོ་ཐ་མི་དད་པ་དང་འབྲེལ་བ་ཡོད།

2.

བཀྲ་ཤིས་ཀྱིས་ཚོང་ཁང་ནས་ཐུག་པ་སྐམ་པོ་ཉོས། ཞེས་པའི་སྐབས་ཀྱི་ལས་སམ་བྱ་ཡུལ་ནི།

a)

ཚོང་ཁང་ཡིན།

b)

ཉོས་ཡིན།

c)

ཐུག་པ་སྐམ་པོ་ཡིན།

3.

སྐོར་བར་བྱེད། ཅེས་པ་ནི།

a)

བདག་གི་བྱེད་པ་པོ་དང་འབྲེལ་བའི་ལས་ཀྱི་དཔེར་བརྗོད་ཡིན།

b)

བདག་གི་བྱེད་པ་པོ་ཕལ་པའི་དཔེར་བརྗོད་ཡིན།

c)

བདག་གི་བྱེད་པ་པོའི་དཔེར་བརྗོད་ཡིན།

4.

བཏུང་བར་བྱ། ཞེས་པ་ནི།

a)

གཞན་གྱི་བྱ་བའི་ཡུལ་གྱི་དཔེར་བརྗོད་ཡིན།

b)

གཞན་གྱི་བྱ་བའི་ཡུལ་དངའབྲེལ་བའི་ལས་ཀྱི་དཔེར་བརྗོད་ཡིན།

c)

བདག་གི་བྱེད་པ་པོ་དང་འབྲེལ་བའི་ལས་ཀྱ་ིདཔེར་བརྗོད་ཡིན།

5.

གཟུང་བྱ། གཟུང་བར་བྱ། ཞེས་པ་ནི།

a)

བདག་གི་དཔེར་བརྗོད་ཡིན།

b)

གཞན་གྱི་དཔེར་བརྗོད་ཡིན།

c)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་ད་ལྟ་བའི་བྱ་ཚིག་ཡིན།

6.

དཀྲོལ། ཞེས་པ་ནི།

a)

བྱ་བྱེད་ངོ་བོ་ཐ་མི་དད་པའི་བྱ་ཚིག་ཡིན།

b)

བྱ་བྱེད་ངོ་བོ་ཐ་དད་པའི་བྱ་ཚིག་ཡིན།

c)

གཉིས་ཀ་མིན།

7.

བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་ཐ་དད་ལོགས་སུ་འབྱེད་རྒྱུ་ཡོད་པའི་བྱ་བ་ལ་་་་་་་

a)

བྱ་བྱེད་ངོ་བོ་ཐ་དད་པ་ཟེར།

b)

བྱ་བྱེད་ངོ་བོ་ཐ་མི་དད་པ་ཟེར།

c)

བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བ་ཟེར།

8.

བདག་གཞན་གཉིས་ལས་བདག་གིས་་་་་

a)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་མ་འོངས་པར་ཁྱབ།

b)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་འདས་པར་ཁྱབ།

c)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་ད་ལྟ་བར་ཁྱབ།

9.

ཉེན་རྟོག་པས་རྐུན་མར་བརྡུངས། ཞེས་པའི་བརྗོད་པ་འདི།

a)

དུས་འདས་པ་ཡིན།

b)

དུས་མ་འོངས་པ་ཡིན།

c)

དུས་ད་ལྟ་བ་ཡིན།

10.

བདག་གཞན་དུས་གསུམ་གཙོ་བོ་གང་གི་ནུས་པས་སྟོན་གྱི་ཡོད་དམ།

a)

རྗེས་འཇུག

b)

ཡང་འཇུག

c)

སྔོན་འཇུག