wayground logo

Free Printable Worksheets

Font size

S
M
L
XL
Worksheets

བྱ་སྤྲེལ་གཏམ་རྒྱུད། གསུམ་པ།

Total questions: 10

Worksheet time: 20mins

Name
Class
Date
1.

"ད་ཕྱིན་ཆད་བག་ཡངས་ཀྱི་ཚུལ་དུ་ཡོང་ནས་བཟའ་བཏུང་ལ་བདག་སྒེར་དུ་བེད་སྤྱོད་བྱེད་པར་མི་རིགས་སོ།།" ཞེས་པ་སུས་སུ་ལ་གསུངས་སམ།

a)

སྤྲེའུ་སྤྲིན་གྱི་སྒྲ་ཅན་གྱིས་ལྷ་བྱ་གོང་མོ་ལ་གསུངས་སོ།།

b)

ལྷ་བྱ་གོང་མོས་སྤྲེལ་ཚོགས་ལ་གསུངས་སོ།།

c)

ལྷ་བྱ་གོང་མོས་སྤྲེའུ་སྤྲིན་གྱི་སྒྲ་ཅན་ལ་གསུངས་ས།།

2.

བྱ་སྤྲེལ་གཏམ་རྒྱུད་ཀྱི་གསུང་རྩོམ་འདི་ནི།

a)

གོ་རིམ་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡིན།

b)

བསྡུས་བརྗོད་ཀྱི་རྩོམ་ཡིག་ཡིན།

c)

གསལ་བཤད་ཀྱི་རྩོམ་ཡིག་ཡིན།

3.

བྱ་སྤྲེལ་གཏམ་ཀྱི་མཛད་པ་པོ་ནི།

a)

དུས་རབས་བཅོ་བརྒྱད་ནང་བྱོན་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཡིན།

b)

དུས་རབས་བཅུ་དགུ་ནང་བྱོན་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཡིན།

c)

དུས་རབས་བཅུ་དྲུག་ནང་བྱོན་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཡིན།

4.

'ཐོས་ཆུང་' ཞེས་པའི་དོན་གང་ཡིན་ནམ།

a)

ཐོས་རྒྱ་མཐོང་རྒྱ་ཆུང་བའི་དོན།

b)

བསོད་ནམས་ཆུང་བའི་དོན།

c)

དཔལ་ཀོ་ཆུང་བའི་དོན།

5.

'འཕྲལ་' གྱི་ལྡོག་ཕྱོགས་གང་ཡིན་ནམ།

a)

ཕུག

b)

ཕུབ།

c)

ཕུགས།

6.

དེ་ཉན་ན་རྣ་བའི་བུ་རམ་ཡིན། །མ་ཉན་ཚིག་གི་དཀྲུག་ཤིང་རེད། །ཅེས་གསུང་མཁན་སུ་ཡིན་ནམ།

a)

སྤྲེའུ་ཨ་ལི་མ།

b)

སྤྲེའུ་སྤྲིན་གྱི་སྒྲ་ཅན།

c)

སྤྲེལ་རྒན་བློ་བཟང་།

7.

'རྨིག་ཆགས་' ཞེས་པའི་དོན་གང་ཡིན་ནམ།

a)

རྨིག་པ་སྒལ་རལ་ལ་གོ།

b)

མིག་མི་མཐོང་མཁན་ཞར་བ་ལ་གོ།

c)

རི་དྭགས་ལ་གོ།

8.

བྱ་སྤྲེལ་གཏམ་རྒྱུད་ཀྱི་བྱུང་རྐྱེན་ནི།

a)

སྤྲེའུ་རྣམས་རང་གནས་སུ་མ་བསྡད་པར་བྱ་ཡི་གནས་སུ་ཕྱིན་པ་དེའོ།།

b)

ལྷ་བྱ་གོང་མོས་སྤྲེའུ་རྣམས་ལ་བྱ་ཡི་གནས་སུ་ཡོང་མི་ཆོག་ཅེས་གསུངས་པ་དེའོ།།

c)

གོར་ཁ་དང་བོད་ཀྱི་དམག་འཁྲུག་དེའོ།།

9.

དུས་ད་ལན་གྱོད་ཀྱི་གཞི་རྩེ་དེ། །དགྲ་ཚུར་རྒོལ་མ་རེད་ཕར་རྒོལ་རེད། །ཅེས་པ་སུས་སུ་ལ་གསུངས་སམ།

a)

སྤྲེལ་རྒན་བློ་བཟང་གིས་སྤྲེལ་ཚོགས་ལ་གསུངས།

b)

སྤྲིན་གྱི་སྒྲ་ཅན་གྱིས་སྤྲེལ་ཚོགས་ལ་གསུངས།

c)

སྤྲེའུ་ཨ་ལི་མས་སྤྲེལ་ཚོགས་ལ་གསུངས།

10.

'སྡེར་ཆགས་' ཞེས་པའི་དོན་གང་ཡིན་ནམ།

a)

སྡེའམ་ཚོགས་པའི་དཔོན་པོ་ལ་གོ།

b)

སྡེར་མ་ཆག་པའི་དོན་ཡིན།

c)

གཅན་གཟན་གྱི་དོན་ཡིན།