wayground logo

Free Printable Worksheets

Font size

S
M
L
XL
Worksheets

བྱ་སྤྲེལ་གཏམ་རྒྱུད། སྟོད་ཆ།

Total questions: 10

Worksheet time: 20mins

Name
Class
Date
1.

རྨིག་ཆགས་ཞེས་པ་གང་ལ་གོའམ།

a)

གཅན་གཟན།

b)

བྱིའུ།

c)

རི་དྭགས།

2.

མདའ་བརྒྱབ་པས་མི་ཆོག་གཞུ་མཆོག་ངོམ། །མདུང་བརྒྱབ་པས་མི་ཆོག་བ་དན་ངོམ། །རྡོ་བཏང་བས་མི་ཆོག་ལག་ངར་བསྒྲེངས། །མིག་བལྟས་པས་མི་ཆོག་མིག་ལོག་བགྲད། །དེ་འདྲ་ལ་ནད་འཁྱགས་ཐེབས་ས་མེད། ཅེས་གསུང་མཁན་སུ་ཡིན་ནམ།

a)

སྤྲེའུ་ཨ་ལི་མ།

b)

ཁྭ་ཏ་དང་སྐྱུང་ག་སོགས་བྱ་ཆུང་དང་བྱ་འབྲིང་རྣམས།

c)

སྤྲེལ་རྒན་བློ་བཟང་།

3.

རི་ཀུན་བཟང་གི་རྩྭ་ཆུ་ཤིང་ཏོག་འབྲས་བུ་སོགས་འདབ་ཆགས་བྱ་ཡིས་བཀག་དོན་མེད་པར་བཀག་བྱུང་ན། དཔའ་རྩལ་ངོམས་ཏེ་འཛིང་དགོས། ཞེས་གསུང་མཁན་སུ་ཡིན་ནམ།

a)

སྤྲེལ་རྒན་བློ་བཟང་།

b)

སྤྲེའུ་ཨ་ནུ་ཐ་ནུ།

c)

སྤྲེའུ་ཨ་ལི་མ།

4.

ཁྱོད་ཕྱོགས་གཅིག་མཐོང་སྟེ་གཉིས་མ་མཐོང་། དོན་རྩེ་མོ་ཤེས་ཀྱང་མཐིལ་མ་རྟོགས། །ཧ་མ་གོ་ཧ་གོ་རིལ་རིལ་འདི། །དོན་ཉག་ལ་བཀག་ན་རང་ལ་འཁོར། །ཞེས་སུས་སུ་ལ་གསུངས་སམ།

a)

ལྷ་བྱ་གོང་མོས་སྤྲེའུ་སྤྲིན་གྱི་སྒྲ་ཅན་ལ་གསུངས།

b)

སྤྲེའུ་སྤྲིན་གྱི་སྒྲ་ཅན་གྱིས་ལྷ་བྱ་གོང་མོ་ལ་གསུངས།

c)

སྤྲེའུ་ཨ་ལི་མས་སྤྲེའུ་སྤྲིན་གྱི་སྒྲ་ཅན་ལ་གསུངས།

5.

ཤེས་པ་ཁ་ནས་མ་ལབ་ན། །བློ་གྲོས་ཁོག་པའི་ནང་དུ་རྒྱས། །ཞེས་སྐབས་ནས་བསྟན་པའི་བློ་གྲོས་ཞེས་པའི་དོན་གང་ཡིན་ནམ།

a)

མིའི་མིང་ལ་གོ།

b)

ཤེས་བྱ་ཡོན་ཏན་ལ་གོ།

c)

གློ་བ་དང་སྙིང་སོགས་ལ་གོ།

6.

འདབ་ཆགས་བྱ་ཡི་ས་ལ་སྤྲེའུ་རྣམས་ཀྱིས་ལྷ་ལུང་ལ་འདྲེ་ལག་བརྐྱངས་པ་ཞིག་ཡིན་ཙང་། དགྲ་ཚུར་རྒོལ་མ་ཡིན་པར་ཕར་རྒོལ་རེད་ཅེས་སུས་གསུངས་སམ།

a)

སྤྲེའུ་ཨ་ལི་མ།

b)

ཁྭ་ཏ་དང་སྐྱུང་ཀ་སོགས་བྱ་ཆུང་དང་བྱ་འབྲིང་རྣམས།

c)

སྤྲེལ་རྒན་བློ་བཟང་།

7.

བྱ་ཆེན་གཉིས་ཀྱིས་གསུངས་པ་ལྟར་ངེད་ཅག་རྣམས་ཀྱིས་གྱོད་དང་ཁ་མཆུ་མེད་པའི་ཐོག་ནས་གནང་དགོས་ཤིང་། དེའི་ཆེད་དུ་མཐུན་པ་སྤུན་བཞིའི་ལོ་རྒྱུས་ལ་སོམས་ཤུག ཅེས་གསུང་མཁན་སུ་ཡིན་ནམ།

a)

བྱ་རྒྱལ་རྒོད་པོ།

b)

གོ་བོ་ཀླད་དཀར།

c)

ཁྱིམ་བྱ་དེ་ཕོ།

8.

གཤམ་གྱི་བརྗོད་པ་ཁག་ལས་སྤྲེའུ་སྤྲིན་གྱི་སྒྲ་ཅན་གྱིས་གསུངས་པ་དེ་གང་ཡིན་ནམ།

a)

རི་ཀུན་བཟང་ཞེས་པ་ལས་ལ་བརྟེན་ནས་བྱུང་བ་ཡིན་ནའང་། གནས་སོ་སོར་སྒེར་གྱིས་བདག་པོ་སྤྲད་པ་དེ་ཁྱེད་ཀྱི་མིག་གིས་མ་མཐོང་ངམ།

b)

རི་ཀུན་བཟང་འདི་སེམས་ཅན་ཚང་མའི་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་སྒེར་གྱིས་བདག་པོ་སྤྲོད་དོན་མེད།

c)

གནས་སྟངས་གང་ལ་ཐུག་ཀྱང་དཔའ་རྩལ་ངོམས་ཏེ་འཛིང་དགོས།

9.

རང་རང་ལ་དབང་བའི་ས་ཆའི་ཁྱད་ནོར་རྣམས་རང་གིས་བདག་པོ་སྤྲད་ན་འཐབ་རྩོད་མེད། ཅེས་པ་གསུང་མཁན་སུ་ཡིན།

a)

ལྷ་བྱ་གོང་མོ།

b)

སྤྲེའུ་སྤྲིན་གྱི་སྒྲ་ཅན།

c)

ཁྭ་ཏ་དང་སྐྱུང་ཀ་སོགས་བྱ་ཆུང་དང་བྱ་འབྲིང་རྣམས།

10.

སྒོར་མོ་རྔ་འདྲའི་གྲོས་ཤིག་བྱེད། །གྲུ་བཞི་ཤོ་འདྲའི་གྲོས་ཤིག་བྱེད་། །གྲོས་ཐག་ཆོད་པའི་མཚམས་དེ་ནས། །བདེན་ན་ཁྱོད་ལ་བདེན་ལན་བྱེད། །ཅེས་གསུང་མཁན་ནི།

a)

སྤྲེའུ་ཨ་ལི་མ།

b)

ལྷ་བྱ་གོང་མོ།

c)

སྤྲེའུ་སྤྲིན་གྱི་སྒྲ་ཅན།