wayground logo

Free Printable Worksheets

NEW

Font size

S
M
L
XL
Worksheets

བྱ་ཚིག་ལ་དཔྱོད་པ། གསུམ་པ།

Total questions: 15

Worksheet time: 30mins

Name
Class
Date
1.

གཅོད་བྱེད། ཅེས་པ་གང་གི་དཔེར་བརྗོད་ཡིན་ནམ།

a)

དངོས་པོ་བདག་གི་བྱེད་པ་པོ་དང་འབྲེལ་བའི་ལས་ཀྱི་དཔེར་བརྗོད་ཡིན།

b)

དངོས་པོ་བདག་གི་བྱེད་པ་པོ་ཕལ་པའི་དཔེར་བརྗོད་ཡིན།

c)

དངོས་པོ་གཞན་གྱི་བྱ་ཡུལ་གྱི་དཔེར་བརྗོད་ཡིན།

2.

སྔོན་འཇུག་མོ་འ་ཡིག་གིས་དུས་གསུམ་ལས་གང་དག་ལ་འཇུག་གམ།

a)

བྱ་བྱེད་ངོ་བོ་ཐ་དད་པའི་་དུས་ད་ལྟ་བ་དང་། བྱ་བྱེད་ངོ་བོ་ཐ་མི་དད་པའི་དུས་ད་ལྟ་བ་དང་མ་འོངས་པ།

b)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་འདས་པ་དང་། བྱ་བྱེད་ངོ་བོ་ཐ་མི་དད་པའི་དུས་ད་ལྟ་བ་དང་མ་འོངས་པ།

c)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་མ་འོངས་པ་དང་། བྱ་བྱེད་ངོ་བོ་ཐ་མི་དད་པའི་དུས་མ་འོངས་པ།

3.

འཁོར་བར་འགྱུར། ཞེས་པ་དུས་གང་ཡིན་ནམ།

a)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་ད་ལྟ་བ།

b)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་མ་འོངས་པ།

c)

བྱ་བྱེད་ངོ་བོ་ཐ་མི་དད་པའི་དུས་མ་འོངས་པ།

4.

བརྐོ་བྱ། ཞེས་པ་དུས་གང་ཡིན་ནམ།

a)

འདས་པ།

b)

མ་འོངས་པ།

c)

ད་ལྟ་བ།

5.

གཤམ་གསལ་རྣམས་ལས་དངོས་པོ་གཞན་གྱི་དཔེར་བརྗོད་ནི།

a)

རྐོ་བྱེད།

b)

བརྐོ་བྱ།

c)

བརྐོས་སོང་།

6.

སྔོན་འཇུག་མ་ནིང་དུས་མ་འོངས་པར་འཇུག་པའི་དཔེར་བརྗོད་ནི།

a)

གདིང་།

b)

གདོང་།

c)

གདུངས།

7.

སྔོན་འཇུག་ཕོ་བ་ཡིག་ནི།

a)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་འདས་པ་དང་མ་འོངས་པར་འཇུག

b)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་འདས་པ་དང་ད་ལྟ་བར་འཇུག

c)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་འདས་པ་དང་སྐུལ་ཚིག་ལ་འཇུག

8.

བཀྲ་ཤིས་ཀྱིས་ཚལ་སླང་ནང་དུ་ཉ་ཤ་རྔོ་ཡི་འདུག ཞེས་པའི་ནང་དུ་བརྔོ་བྱ་གང་ཡིན་ནམ།

a)

ཚལ་སླང་།

b)

རྔོ།

c)

ཉ་ཤ

9.

བལྟ་བྱ། ཞེས་པ་གང་ལ་གོ་དགོས་སམ།

a)

བྱེད་པ་པོ་ལ་གོ

b)

བྱ་བའི་ཡུལ་ལ་གོ

c)

བྱ་བའི་ཡུལ་དང་འབྲེལ་བའི་ལས་ལ་གོ།

10.

དངོས་པོ་བདག་གིས་དུས་གསུམ་ལས་དུས་གང་ལ་ཁྱབ་བམ།

a)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་མ་འོངས་པར་ཁྱབ།

b)

བྱ་བྱེད་ངོ་བོ་ཐ་མི་དད་པའི་དུས་ད་ལྟ་བར་ཁྱབ།

c)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་ད་ལྟ་བར་ཁྱབ།

11.

དངོས་པོ་གཞན་གྱིས་དུས་གསུམ་ལས་དུས་གང་ལ་ཁྱབ་བམ།

a)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་མ་འོངས་པར་ཁྱབ།

b)

བྱ་བྱེད་ངོ་བོ་ཐ་མི་དད་པའི་དུས་མ་འོངས་པར་ཁྱབ།

c)

བྱ་བྱེད་ངོ་བོ་ཐ་དད་པའི་དུས་ད་ལྟ་བར་ཁྱབ།

12.

བྱ་བྱེད་ངོ་བོ་ཐ་དད་པའི་བྱ་བ་ལ་བདག་གཞན་གྱི་དབྱེ་བ་མེད།

a)

གོང་གི་བརྗོད་པ་དེ་འགྲིག

b)

གོང་གི་བརྗོད་པ་དེ་ནོར།

c)

སྐབས་འགར་འགྲིག་ཀྱང་སྐབས་འགར་མི་འགྲིག

13.

བདག་གཞན་ལས་དུས་གསུམ་ཁྱབ་ཆེ་བ་ཡོད།

a)

གོང་གི་བརྗོད་པ་དེ་འགྲིག

b)

གོང་གི་བརྗོད་པ་དེ་ནོར།

c)

གོང་གི་བརྗོད་པ་དེ་དྭོགས་གཞི་ཅན་ཞིག་ཡིན།

14.

བྱ་ཚིག་ལས་གྲུབ་པའི་མིང་ཚིག་དེ་གང་ཡིན་ནམ།

a)

སྟག་ཕྲུག

b)

དཔེ་དེབ།

c)

སློབ་དཔོན།

15.

བསྙལ་བར་བྱ། ཞེས་པ་ནི

a)

དངོས་པོ་གཞན་གྱི་བྱ་ཡུལ་གྱི་དཔེར་བརྗོད་ཡིན།

b)

དངོས་པོ་གཞན་གྱི་བྱ་ཡུལ་དང་འབྲེལ་བའི་ལས་ཀྱི་དཔེར་བརྗོད་ཡིན།

c)

དངོས་པོ་བདག་གི་བྱེད་པ་པོ་དང་འབྲེལ་བའི་ལས་ཀྱི་དཔེར་བརྗོད་ཡིན།