wayground logo

Free Printable Worksheets

Font size

S
M
L
XL
Worksheets

བྱ་སྤྲེལ་གཏམ་རྒྱུད། སྨད་ཆ།

Total questions: 10

Worksheet time: 20mins

Name
Class
Date
1.

བྱ་སྤྲེལ་རྩོད་རྙོག་སྡུམ་འགྲིག་བྱེད་མཁན་སུ་དང་སུ་ཡིན་ནམ།

a)

ལྷ་བྱ་གོང་མོ་དང་རི་བོང་བློ་ལྡན།

b)

རི་བོང་བློ་ལྡན་དང་ཁྱིམ་བྱ་དེ་ཕོ།

c)

རི་བོང་བློ་ལྡན་དང་བྱ་རྒྱལ་རྒོད་པོ།

2.

"སྡུམ་ཞིག་ཐུབ་ན་སྙམ་ཡང་། ང་གཅིག་པོས་ཟེར་མི་ཤེས་པས། གྲོགས་པོ་ཁྱོད་ཀྱང་བྱའི་ནང་ནས་བསམ་པ་དང་བློ་གྲོས་ཆེ་བ་ཞིག་ཡིན་པས།" ཞེས་པ་སུས་སུ་ལ་བཤད་མ།

a)

ལྷ་བྱ་གོང་མོས་རི་བོང་བློ་ལྡན་ལ་བཤད།

b)

རི་བོང་བློ་ལྡན་གྱིས་ལྷ་བྱ་གོང་མོར་བཤད།

c)

རི་བོང་བློ་ལྡན་གྱིས་ཁྱིམ་བྱ་དེ་ཕོར་བཤད།

3.

བྱ་སྤྲེལ་གྱི་རྩོད་རྙོག་མ་འགྲིག་པར་ལྷག་ན་མཐའ་ཕུགས་ཡུལ་ཁམས་ཐམས་ཅད་ཀྱི་བྱ་སྤྲེལ་རྣམས་འཁོན་པ་མ་ཟད་བྱ་དང་རི་དྭགས་རྣམས་ཀྱང་འཁོན་པའི་རྒྱུ་རུ་འགྲོ། ཞེས་པའི་བརྗོད་དོན་གསུང་མཁན་སུ་ཡིན་ནམ།

a)

རི་བོང་བློ་ལྡན།

b)

ཁྱིམ་བྱ་དེ་ཕོ།

c)

ལྷ་བྱ་གོང་མོ།

4.

མི་ལ་མི་དགོས་འཁྲུག་པ་རེད། །ཤིང་ལ་མི་དགོས་འཛེར་པ་རེད། །ལུས་ལ་མི་དགོས་ན་ཚ་རེད། །སེམས་ལ་མི་དགོས་སྡུག་བསྔལ་རེད། །ཅེས་པ་སུས་སུ་ལ་བཤད་དམ།

a)

ལྷ་བྱ་གོང་མོས་སྡུམ་པ་གཉིས་ལ་བཤད།

b)

སྤྲེའུ་གཙོ་བོས་སྡུམ་པ་གཉིས་ལ་བཤད།

c)

སྡུམ་པ་གཉིས་ཀྱིས་སྤྲེའུ་རྣམས་ལ་བཤད།

5.

སྡུམ་པ་གཉིས་ཀྱིས་བྱ་སྤྲེལ་གྱི་རྩོད་རྙོག་སྡུམ་འགྲིག་ཇི་ལྟར་བྱས་ཡོད་དམ།

a)

སྤྲེའུ་ས་ཆའི་གསུམ་ཆ་གཅིག་བྱ་ལ་སྤྲད་རྒྱུ་དང་དེ་ལས་བརྒལ་ནས་བྱ་རྣམས་སྤྲེའུ་ས་ཆར་སླེབས་མི་ཆོག་པ་བྱས།

b)

བྱ་ཡི་ས་ཆའི་གསུམ་ཆ་གཅིག་སྤྲེའུ་ལ་སྤྲད་རྒྱུ་དང་དེ་ལས་བརྒལ་ནས་སྤྲེའུ་རྣམས་བྱ་ཡི་ས་ཆར་སླེབས་མི་ཆོག་པ་བྱས།

c)

སྤྲེའུ་རྣམས་ལ་བྱ་ཡི་ས་ཆའི་བཞི་ཆ་གཅིག་སྤྲད་རྒྱུ་བྱས་སོ།།

6.

ཤིང་གས་པ་སྤྱིན་གྱིས་སྦྱར་ལེ་ཡིན། །གོས་རལ་བ་སྐུད་པས་འཚེམ་ལེ་ཡིན། །ཞེས་པ་སུས་སུ་ལ་བཤད་དམ།

a)

ལྷ་བྱ་གོང་མོས་སྡུམ་པ་གཉིས་ལ་བཤད།

b)

ཕོ་རོག་ནག་ཆུང་གིས་བྱ་ཚོགས་ལ་བཤད།

c)

སྤྲེའུ་སྤྲིན་གྱི་སྒྲ་ཅན་གྱིས་སྡུམ་པ་གཉིས་ལ་བཤད།

7.

ཁྱོད་སྡུམ་པའམ་བློ་ལྡན་གཉིས་ལ་བསམས་ནས་སྡུམ་སྒྲིག་བྱ་འདུན་ཡོད་ཅེས་པ་ནི།

a)

སྤྲེའུ་སྤྲིན་གྱི་སྒྲ་ཅན་གྱིས་བཤད།

b)

ཁྱིམ་བྱ་དེ་ཕོས་བཤད།

c)

ལྷ་བྱ་གོང་མོས་བཤད།

8.

གཤམ་གྱི་བརྗོད་པ་ཁག་ལས་ཁྱིམ་བྱ་དེ་ཕོས་གསུངས་པ་དེ་གང་ཡིན་ནམ།

a)

བདེན་ཡོད་བྱ་ཡི་ས་ཆ་དེ། །བདེན་མེད་སྤེའུར་སྤྲོད་ཟེར་བ། །རྐུན་མར་དཔའ་དར་མ་ཡིན་ནམ།

b)

རང་སར་མི་བཞག་བསམ་བློ་ཐོངས། །མི་སར་རང་བཞག་བསམ་བློ་ཐོངས། །

c)

སེམས་དཀར་པོ་གངས་རི་མཐོན་པོ་འདྲ། །ལུས་དཀར་པོ་དར་དཀར་ཞོ་འཐུང་འདྲ། གཏམ་དཀར་པོ་འོ་མ་ཞོ་འཐུང་འདྲ།།

9.

ལས་དེ་ལས་དྲང་ཞིང་ཚད་ས་ཞིག །ལྷ་ཚངས་པ་འོངས་ཀྱང་བྱ་རྒྱུ་མེད། །དོན་དེ་ལ་ཕན་ཚུན་གནས་ཟེར་ན། །བཀྲ་ཤིས་དང་ལུགས་ལེགས་གཉིས་ཀ་ཡོང་། །ཞེས་པ་འདི།

a)

བྱ་རྒྱལ་རྒོད་པོས་བྱ་ཚོགས་ལ་གསུངས།

b)

སྤྲེའུ་སྤྲིན་གྱི་སྒྲ་ཅན་གྱིས་སྤྲེལ་ཚོགས་ལ་གསུངས།

c)

ལྷ་བྱ་གོང་མོས་སྡུམ་པ་གཉིས་ལ་གསུངས།

10.

འདབ་ཆགས་བྱ་ཡིས་ས་ཆ་ནས། །སྤྲེའུར་སྤྲོད་དགོས་ཟེར་བ་དེ། །བྱ་ལ་སྡུག་གྱོང་གཏོང་རྩིས་མིན།། ཞེས་པ་འདི།

a)

ཁྱིམ་བྱ་དེ་ཕོས་བཤད།

b)

རི་བོང་བློ་ལྡན་གྱིས་བཤད།

c)

ཕོ་རོག་ནག་ཆུང་གིས་བཤད།