NEW
Font size
Worksheetsམཛད་རྣམ་ལེའུ་དགུ་པ།
Total questions: 12
Worksheet time: 24mins
མཛད་རྣམ་ལེའུ་དགུ་པའི་མིང་ལ་གང་ཡིན་ནམ།
བོད་དང་། ཁྱིམ་མཚེས་རྒྱ་ནག
ལྷ་སའི་རྐྱེན་ངན།
ཟིང་འཁྲུག
༧གོང་ས་མཆོག་ཕྱི་ལོ་གང་གི་ལོར་རྒྱ་གར་དུ་ཐེངས་དང་པོར་ཕེབས་སམ།
ཕྱི་ལོ་ ༡༩༥༩
ཕྱི་ལོ་ ༡༩༥༤
ཕྱི་ལོ་ ༡༩༥༦
༧གོང་ས་མཆོག་རྣ་ཐོད་ལ་རྩེར་ཡིད་སྐྱོའི་རང་བཞིན་བྱུང་དོན་གང་ཡིན་ནམ།
རྒྱ་ནག་གི་དར་ཆ་དམར་པོ་དང་མའོ་ཙེ་ཏུང་གི་འདྲ་རིས་མཐོང་བས་ཡིན།
རྒྱ་གར་གྱི་གྲོགས་པོ་རྗེས་བཞུགས་ཚོ་དང་ཁ་བྲལ་ནས་ཕེབས་ཀྱི་ཡོད་ཙང་ངོ།།
ནེརུ་བོད་དུ་གདན་འདྲེན་ཞུས་མ་ཐུབ་པས་རེད།
རྣ་ཐོད་ལ་རྩེར་༧གོང་ས་མཆོག་གདན་འདྲེན་ཞུ་ཆེད་རྒྱ་ནག་གི་དམག་དཔོན་སུ་ཕེབས་སམ།
ཐན་ཀོན་སེན།
ཀྲའུ་ཨན་ལན།
ཅིན་རའོ་རན།
༧གོང་ས་མཆོག་གིས་དབུ་ཁྲིད་པའི་གཞུང་གིས་ཕྱི་ལོ་ ༡༩༥༩ ལོའི་བར་གང་ཞིག་འབད་བརྩོན་གནང་ནས་བཞུགས་སམ།
རང་བཙན།
དབུ་མའི་ལམ།
རང་དབང་ཡོད་པའི་རང་སྐྱོང་ལྗོངས།
བོད་མི་མང་གི་འདོད་པ་དང་མ་བསྟུན་པར་བསྒྱུར་བཅོས་བྱེད་འདོད་མེད། ཅེས་རྒྱ་མིའི་དཔོན་རིགས་ཚོས་གང་དུ་གསུངས་སམ།
༧གོང་ས་མཆོག་ལ་གསུངས།
བོད་གཞུང་གི་བཀའ་ཤག་ལ་གསུངས།
བོད་ཀྱི་བུད་མེད་ཚོགས་འདུ་ཞིག་ཏུ་གསུངས།
ནེ་རུ་བོད་དུ་གདན་འདྲེན་ཞུས་མ་ཐུབ་པའི་རྒྱུ་མཚན་ནི།
ནེ་རུ་བོད་དུ་ཕེབས་འདོད་མེད་པས་སོ།།
ནེ་རུའི་བདེ་འཇགས་ཀྱི་འགན་མ་བཟོད་པས་སོ།།
བོད་མིའི་འདོད་པ་མེད་པས་སོ།།
རྒྱ་མིས་ "ནང་ཆོས་" ལ་ལྟ་སྟངས་གང་འདྲ་ཡོད་དམ།
ནང་ཆོས་ནི་མི་མང་ལ་གཉའ་གནོན་བཤུ་གཞོགས་བྱེད་མཁན་ཡིན་པར་བལྟ།
ནང་ཆོས་ནི་མི་མང་ལ་ཕན་ཐོགས་སྒྲུབ་མཁན་ཡིན་པར་བལྟ།
ནང་ཆོས་ནི་མི་མང་གི་ཚེ་སྲོག་ལེན་མཁན་ཡིན་པར་བལྟ།
གྲོས་མཐུན་དོན་ཚན་བཅུ་བདུན་ནམ་བཞག་གམ།
ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༡༢
ཕྱི་ལོ་ ༡༩༥༡ ཟླ་ ༦ ཚེས་ ༢༣
ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༢༣
རྒྱ་མིས་རིན་མེད་དུ་འགྲེམས་སྤེལ་ཞུས་པའི་གསར་ཤོག་དེ་དུས་ཕྱིར་རྒྱ་མིའི་དངུལ་ག་ཚོད་སྤྲད་ནས་ཉོ་དགོས་བྱུང་།
རྒྱ་མིའི་དངུལ་རྡ་སྒོར་ ༥
རྒྱ་མིའི་དངུལ་རྡ་སྒོར་ ༦
རྒྱ་མིའི་དངུལ་རྡ་སྒོར་ ༡༠
བོད་ཀྱི་འཇབ་དམག་ཚོར་རྒྱ་མིས་བོད་གཞུང་ལ་ཨུ་ཚུགས་ཀྱིས་མིང་གང་བརྗོད་དུ་བཅུག་གམ།
འཇིགས་སྐུལ་རིང་ལུགས་པ།
ལོག་སྤྱོད་པ།
རྒྱལ་ཞེན་པ།
ཤ་རུལ་གང་དུ་ཡོད་ཀྱང་དེར་སྦྲང་མ་འཁོར་བ་ཡིན། ཁྱེད་ཚོས་ཤ་རུལ་མེད་པ་བཟོས་ན་སྦྲང་མའི་རྙོག་དྲ་ཡོད་དོན་མེད། ཅེས་གསུང་མཁན་སུ་ཡིན་ནམ།
ཀྲོའུ་ཨན་ལན།
ཅིན་རའོ་རན།
ཐན་ཀོན་སན།
