Font size
Worksheetsརྫོང་ཁ་རིག་བསྡུར།
Total questions: 8
Worksheet time: 6mins
༡ གཅིག་གིས་མནོ་མི་གཅིག་ལུ་ ངག་ཐོག་ལས་བརྡ་དོན་སྤྲོད་ལེན་འབད་མི་འདི་ལུ།
ཀ སྐད་ཡིག་ཟེར་སླབ་ཨིན།
ཁ ཡིག་སྐད་ཟེར་སླབ་ཨིན།
ག ཁ་སྐད་ཟེར་སླབ་ཨིན།
ང གཡུས་སྐད་ཟེར་སླབ་ཨིན།
༢ དུས་གསུམ་དང་ ཕྲད་རྣམ་དབྱེ་གི་འཐོབ་ཐངས་དང་ འཇུག་ཚུལ་བཤད་མི་འདི་
ཀ སྐད་ཡིག་ཨིན།
ཁ སྡེབ་སྦྱོར་ཨིན།
ག ཡིག་འགྲུལ་ཨིན།
ང ཡི་གུའི་སྦྱོར་བ་ཨིན།
༣ དོན་གྱི་ཁྱད་པར་སྟོན་མི་ལུ།
ཀ བྱ་ཚིག་ཟེར་སླབ་ཨིན།
ཁ མིང་ཟེར་སླབ་ཨིན།
ག ཁྱད་ཚིག་ཟེར་སླབ་ཨིན།
ང ཚིག་ཟེར་སླབ་ཨིན།
༤ ཕལ་སྐད་དང་ཞེ་ས་གཉིས་ལས་ ཞེ་ས་འདི།
ཀ གོ་གནས་གོ་ས་རང་ལས་མཐོ་མི་ལུ་འཐོབ་ཨིན།
ཁ གོ་གནས་གོ་ས་རང་དང་མཉམ་མི་ལུ་འཐོབ་ཨིན།
ག རང་གི་ནང་མི་ཉེ་ཚན་མ་ཕོག་མི་ཚུ་ལུ་འཐོབ་ཨིན།
ང གོ་གནས་གོ་ས་རང་ལས་དམའ་མི་ཚུ་ལུ་འཐོབ་ཨིན།
༡ ཆརཔ་ཤུགས་སྦེ་རྐྱབ་ལས་ལམ་ཚུ་ འདམ་་་་་་་་་་་་་་་མེདཔ་བཏང་ནུག
(a)
༢ ཁྱོད་ཀྱིས་ ང་ལུ་རྒྱབ་སྐྱོར་ཅིག་མཛད་་་་་་་་་་་་་་་་་་བཀའ་དྲིན་བསྐྱང་གནང་ཞུ།
(a)
༡ ཞབས་ཁྲ་གི་དབྱེ་བ་ཚུ་ལས་ པར་འདི་་་་་་་་་་་་་་་་་་་་་་་རྐྱབ་མི་གི་ཨིན།
(a)
༢ སྤུ་ན་རྫོང་གི་ནང་ལུ་ཞབས་དྲུང་གི་སྐུ་འདྲ་ཡོད། ཟེར་མི་འདི་
ཀ འབྲེལ་སྒྲ་དེ་ལས་དེ་འབྱུང་གི་དཔེ་ཨིན།
ཁ འབྲེལ་སྒྲ་ཁྱད་གཞི་དང་ཁྱད་ཆོས་ཀྱི་དཔེ་ཨིན།
ག འབྲེལ་སྒྲ་ཡན་ལག་དང་ཡན་ལག་ཅན་གྱི་དཔེ་ཨིན།
ང འབྲེལ་སྒྲ་རྟེན་དང་བརྟེན་པའི་དཔེ་ཨིན།
