WorksheetsDzongkha Key-Stage-1_Class-03
Total questions: 10
Worksheet time: 7mins
གསལ་བྱེད་ཀྱི་ཡི་གུ་གི་རྣམ་གྲངས་འདི་
ཨ་ལི་གི་ཡི་གུ་ཟེར་ཨིན།
ཀ་ལི་གི་ཡི་གུ་ཟེར་སླབ་ཨིན།
དབྱངས་ཀྱི་ཡི་གུ་ཟེར་སླབ་ཨིན།
འབྲུག་པའི་ཡི་གུ་ཟེར་སླབ་ཨིན།
དབྱངས་ཀྱི་ཡི་གུ་འདི་
ཡ་བཏགས། ར་བཏགས། ལ་བཏགས་ཨིན།
ར་མགོ། ལ་མགོ། ས་མགོ་ཨིན།
གུ་གུ། ཞབས་ཀྱུ། འགྲེང་བུ། ན་རོ་ཨིན།
སྔོན་འཇུག། རྗེས་འཇུག། མིང་གཞི་ཟེར་ཨིན།
མིང་མཐའ་ཡར་འདྲེན་གྱི་མིང་ཚིག་འདི་
ཕ་མ། བླ་མ། རྒྱལ་པོ་ཟེར་དོ་བཟུམ་ཨིན།
བླམ། རྒྱལཔོ། ཕམ་ཟེར་དོ་བཟུམ་ཨིན།
བལྟ། བཟའ། ཉན་ཟེར་དོ་བཟུམ་ཨིན།
སྦོམ། ཆུང་ཀུ། རིངམོ། ཐུང་ཀུ་བཟུམ་ཚུ་ཨིན།
བྱ་ཚིག་ཟེར་ལཱ་སྟོན་མི་གི་ཚིག་འདི་
རྐང་ཁྲི། འབྲི་ཁྲི། འབྲི་དེབ་ཟེར་མི་བཟུམ་ཚུ་ཨིན།
བལྟ། ཉན། མཐོང་ཟེར་མི་བཟུམ་ཚུ་ཨིན།
གཅིག། གཉིས། གསུམ་ཟེར་མི་ཚུ་ཨིན།
ལྟོ་བཟའ་ཟེར་བའི་ཞེ་ས་འདི་
ལྟོ་བཞེས་ཟེར་ཞུཝ་ཨིན།
གསོལཝ་བཞེས་ཟེར་ཞུཝ་ཨིན།
བཞེས་སྒོ་བཟའ་ཟེར་ཞུཝ་ཨིན།
ཆབ་ཆུ་བཞེས་ཟེར་ཞུཝ་ཨིན།
ནགས་ཚལ་ནང་སྡོད་མི་སེམས་ཅན་ཚུ་ལུ་
སྒོ་ནོར་སེམས་ཅན་ཟེར་སླབ་མས།
རི་དྭགས་སེམས་ཟེར་སླབ་མས།
རྟ་ནོར་སེམས་ཅན་ཟེར་སླབ་མས།
ཚེེེ་ཐར་སེམས་ཅན་ཟེར་སླབ་མས།
བཞེས་སྒོ་ཚུ་ལས་མང་སུ་ཟ་དགོ་མི་འདི་
ཤ་གི་རིགས་ཨིན།
གུ་རམ་བཟུམ་མངརམོ་གི་རིགས་ཚུ་ཨིན།
ཚོད་སྲེ་དང་ཤིང་འབྲས་ཀྱི་རིགས་ཨིན།
ལྟོ་དང་ཕྱེ་གི་རིགས་ཨིན།
སྤྱི་ལོ་དང་གནམ་ལོ་གི་ཁྱད་པར་འདི་
ལོ་དངད་ཟླཝ་གི་ཁྱད་པར་ཨིན།
ཚེས་གྲངས་དང་ཉིན་གྲངས་ཀྱི་ཁྱད་པར་ཨིན།
ཡེ་ཤུ་སྟོན་པ་འཁྲུངས་པའི་ལོ་ལས་རྩིས་མི་དང་རྩིས་ལུགས་ལོ་རྟགས་ག་ཕོག་མི་གི་ཁྱད་པར་ཨིན།
གཟའ་དང་ཚེས་ཀྱི་ཁྱད་པར་ཨིན།
སྦོམ་གྱི་འགལ་མིང་འདི་
ཐུང་ཀུུ།
ཕར།
ཆུང་ཀུུ།
རིངམོ།
བདེན་རྫུན་ཟེར་མི་འདི་
བྱ་ཚིག་ཨིན།
མིང་ཨིན།
མིང་མཐའ་ཚག་མེདཔ་ཨིན།
མིང་མཐའ་ཚག་ཡོདཔ་ཨིན།
