Worksheetsསྙན་ངག དང་པོ།
Total questions: 10
Worksheet time: 19mins
བོད་ལ་སྙན་ངག་གི་མཚན་ཉིད་སྟོན་གྱི་གཞུང་།
གཉིས་ཡོད།
གཅིག་ཡོད།
མང་པོ་ཡོད།
སྙན་ངག་མེ་ལོང་མ་ནི།
སྙན་ངག་གི་གཞུང་ཡིན།
སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ཡིན།
སྙན་ངག་གི་དཔེར་བརྗོད་ཁོ་ནའོ།།
སྙན་ངག་མེ་ལོང་མ་བོད་སྐད་དུ་སྒྱུར་མཁན་ནི།
དཔང་ལོ་ཙ་བ་བློ་གྲོས་བརྟན་པ་ཡིན།
ཤོང་ལོ་རྡོ་རྗེ་རྒྱལ་པོ་ཡིན།
ཤོང་ལོ་རྡོ་རྗེ་རྒྱལ་མཚན་ཡིན།
སྙན་ངག་མེ་ལོང་མའི་བརྗོད་བྱ་ནི།
ལུས་རྒྱན་སྐྱོན་སེལ་གསུམ་ཡིན།
ལུས་རྒྱན་དཔེར་བརྗོད་གསུམ་ཡིན།
ལུས་རྒྱན་མཚན་ཉིད་གསུམ་ཡིན།
ཁྱོད་གདོང་པདྨའི་མེ་ཏོག་མཛེས། །ཞེས་པ་ནི།
མ་བསྡུས་པའི་གཟུགས་རྒྱན་ཡིན།
བསྡུས་པའི་གཟུགས་རྒྱན་ཡིན།
བསྡུས་ཤིང་མ་བསྡུས་པའི་གཟུགས་རྒྱན་ཡིན།
སྙན་ངག་མེ་ལོང་མ་ནི།
སློབ་དཔོན་དབྱུག་པ་ཅན་གྱིས་དུས་རབས་ ༨-༩ ནང་མཛད།
སློབ་དཔོན་དབྱུག་པ་ཅན་གྱིས་དུས་རབས་ ༩-༡༠ ནང་མཛད།
སློབ་དཔོན་དབྱུག་པ་ཅན་གྱིས་དུས་རབས་ ༧-༨ ནང་མཛད།
སྙན་ངག་མེ་ལོང་མར་ཁྱོན་བསྡོམས་གཞུང་ཚད་ཤོ་ལོ་ཀ་ག་ཚོད་ཡོད་དམ།
གཞུང་ཚད་ཤོ་ལོ་ཀ་ ༥༦༥ ཡོད།
གཞུང་ཚད་ཤོ་ལོ་ཀ་ ༦༥༦ ཡོད།
གཞུང་ཚད་ཤོ་ལོ་ཀ་ ༦༤༦ ཡོད།
ལུས་ཕྲའི་བཞིན་རས་ཟླ་བ་རབ་ཏུ་མཚར།། ཞེས་པའི་ནང་དུ་དཔེ་དང་དཔེ་ཅན་གང་ཡིན་ནམ།
དཔེ་བཞིན་རས་དང་། དཔེ་ཅན་ཟླ་བ་ཡིན།
དཔེ་ཟླ་བ་དང་། དཔེ་ཅན་ལུས་ཕྲ་ཡིན།
དཔེ་ཅན་བཞིན་རས་དང་། དཔེ་ཟླ་བ་ཡིན།
དཔེ་དང་དཔེ་ཅན་དབར་རྣམ་དབྱེ་དྲུག་པའི་ཕྲད་བསྡུས་ཏེ་དཔེ་ཅན་དཔེ་ཡི་གཟུགས་སུ་བཀོད་པ་ལ་་་་་་་་་་་
མ་བསྡུས་པའི་གཟུགས་ཅན་ཟེར།
བསྡུས་པའི་གཟུགས་ཅན་ཟེར།
བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ཟེར།
དཔེ་དང་དཔེ་ཅན་གཉིས་ཀྱི་དབར་རྣམ་དབྱེ་དྲུག་པའི་ཕྲད་འགའ་ཞིག་བསྡུས་ལ་འགའ་ཞིག་མ་བསྡུས་པར་དཔེ་ཅན་དཔེ་ཡི་གཟུགས་སུ་བཀོད་པ་ལ་་་་་་་་་་་
བསྡུས་པའི་གཟུགས་ཅན་ཟེར།
མ་བསྡུས་པའི་གཟུགས་ཅན་ཟེར།
བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ཟེར།
