wayground logo

Free Printable Worksheets

Font size

S
M
L
XL
Worksheets

བསླབ་བྱ་མུ་ཐི་ལའི་འཕྲེང་བ། གཉིས་པ།

Total questions: 10

Worksheet time: 20mins

Name
Class
Date
1.

བསླབ་བྱ་མུ་ཐི་ལའི་འཕྲེང་བའི་ནང་གི་ཆོས་ཀྱི་བསླབ་བྱ་རྣམས།

a)

དྲང་དོན་ལ་གོ་བ་བླང་དགོས།

b)

ངེས་དོན་ལ་གོ་བ་བླང་དགོས།

c)

གཉིས་ལ་མིན།

2.

བསླབ་བྱ་འདི་རྩོམ་པར་སྐུལ་མཁན་ནི།

a)

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཡིན།

b)

༧གོང་ས་ལྔ་པ་ཆེན་པོ་མཆོག་ཡིན།

c)

གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ཡིན།

3.

དཀོན་མཆོག་ལ་མཆོད་པ་དང་ངན་སློང་ལ་སྦྱིན་པ་གཏོང་བ་རྣམས་ནི།

a)

བསོད་ནམས་ཀྱི་ཚོགས་ཡིན།

b)

ཡེ་ཤེས་ཀྱི་ཚོགས་ཡིན།

c)

གཉིས་ཀ་ཡིན།

4.

སྙིང་ནའི་དགྲ་ལ་འཕྲལ་དུ་མི་ཁྲོ་བར། །བཅོས་མ་འཛུམ་གྱིས་བསུ་བ་གྲུང་པོ་ཡིན། །ཞེས་པའི་བསླབ་བྱ་འདི་ནི།

a)

དྲང་དོན་ཡིན།

b)

ངེས་དོན་ཡིན།

c)

གཉིས་ཀ་མིན།

5.

ཡུལ་དུས་གནས་སྐབས་དང་དགྲ་གཉེན་བར་མ་སོགས་བརྟགས་ནས་རང་གི་སྤྱོད་པ་སྟོན་མཁན་གྱི་གང་ཟག་དེ།

a)

གྲུང་པོ་ཡིན།

b)

སྤྱང་པོ་ཡིན།

c)

ཕོ་ཚོད་ཀྱི་ཡང་རྩེ་ཡིན།

6.

སེམས་ཀྱི་འཆར་སྒོའམ་རྣམ་རྟོག་ཐམས་ཅད་མ་གསུངས་པར་གྲེ་བར་བསྐྱིལ་ནས་འཇོག་མཁན་གྱི་གང་ཟག་དེ།

a)

མཁས་པ་ཡིན།

b)

གྲུང་པོ་ཡིན།

c)

ཕོ་ཚོད་ཀྱི་ཡང་རྩེ་ཡིན།

7.

རང་གི་བུ་ཕྲུག་སྐྱོང་སྐབས་བྱམས་དྲགས་པ་ཡིན་ན།

a)

རྗེས་སུ་རང་ཉིད་ལ་དགའ་བོ་ཡོང་གི་རེད།

b)

རྗེས་སུ་ངན་སྲོལ་ཡོང་གི་རེད།

c)

རྗེས་སུ་ཀུན་གྱིས་དགའ་བོ་བྱེད་ཀྱི་རེད།

8.

རང་གིས་གྲོས་བསྡུར་བྱེད་པའི་སྐབས་སུ་

a)

མཁས་པ་རྣམས་ལ་འཛེམས་ཟོན་བྱེད་དགོས།

b)

རྨོངས་པའི་གང་ཟག་རྣམས་ལ་འཛེམས་ཟོན་བྱེད་དགོས།

c)

ཉམས་མྱོང་ཅན་གྱི་གང་ཟག་རྣམས་ལ་འཛེམས་ཟོན་བྱེད་དགོས།

9.

འཛམ་གླིང་འདི་ན་ཆེས་དཀོན་པ་ནི།

a)

རས་བོར་ཡོན་ཏན་ལྡན་པའི་མཁས་པ་དེའོ།།

b)

ངོ་ལྐོག་རྒྱབ་མདུན་གྱི་བཀའ་མོལ་གནང་མཁན་གྱི་གང་ཟག་དེའོ།།

c)

བུད་མེད་གྲོས་དབང་ལ་གཏོང་མཁན་གྱི་གང་ཟག་དེའོ།།

10.

བརྒྱ་བཤིག་སྟོང་འགུགས་ཞེས་སྐབས་ཀྱི་བརྗོད་དོན་གཙོ་བོ་གང་ཡིན་ནམ།

a)

རྒྱུ་ནོར་གསོག་སྟངས་སྐོར་གྱི་བསླབ་བྱ་ཡིན།

b)

མི་མང་འགུགས་ཐབས་ཀྱི་བསླབ་བྱ་ཡིན།

c)

མི་མང་སྐྱོང་ཐབས་ཀྱི་བསླབ་བྱ་ཡིན།